སི་ཁྲོན་གྱིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཐོ་འགོད་ལག་ཁྱེར་ཐོག་མ་དེ་སྤྲད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-24



     འདི་ག་ཚགས་པར་ཁང་དུ་ཏི་དབྱང་ནས་ཟླ་12ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། སི་ཁྲོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཐོ་འགོད་ལག་ཁྱེར་ཐོག་མ་དེ་ཏི་དབྱང་གྲོང་ཁྱེར་དུ་སྤྲད་པ་རེད། ཀོང་ཧན་གྲོང་ཁྱེར་ཤང་དབྱང་གྲོང་རྡལ་རུང་ཧྲེང་གྲོང་ཚོའི་མ་རྐང་དཔལ་འབྱོར་མཉམ་ལས་མཉམ་འབྲེལ་ཁང་དངོས་སུ་བཙུགས་པ་དང་འབྲེལ། བྱང་བུའང་སྤྲད་པ་དེ་ཐོག་ནས་སི་ཁྲོན་གྱི་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ་གཞི་ནས་རང་ཉིད་ལ་དབང་ཞིང་ཁྲིམས་མཐུན་གཅིག་གྱུར་གྱི“ཐོབ་ཐང་ལག་ཁྱེར”རག་པ་དང་དགོས་ངེས་ཀྱི་ཁྲོམ་རའི་བྱེད་པོའི་གནས་བབ་ཐོབ་པ་མཚོན་ཡོད།
    དུས་ཡུན་རིང་པོའི་ནང་ཁོངས་གཏོགས་ཁ་མི་གསལ་བ་དང་། ཐོ་འགོད་བྱེད་སྟངས་འདྲ་མིན་སྣ་ཚོགས་པ། ཁྲིམས་མིའི་ཐོབ་ཐང་མེད་པ་བཅས་ཀྱི་རྐྱེན་པས་སི་ཁྲོན་གྱི་གྲོང་གསེབ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ་དུས་ཡུན་རིང་པོར་ག་བྱེད་འདི་བྱེད་མེད་པའི་གནས་ཚུལ་མང་པོ་ཞིག་འཕྲད་པ་མ་ཟད། ད་དུང་གདིང་གཞི་གསལ་པོ་མེད་པ་དང་། བདག་ཁོངས་ཁ་མི་གསལ་བ། གཉེར་སྐྱོང་བྱེད་བདེ་པོ་མེད་པ་སོགས་ཀྱི་གནད་དོན་མང་པོ་ཞིག་ཀྱང་འཕྲད་ཡོད།
     “ཐོབ་ཐང་ལག་ཁྱེར”འདི་བྱུང་རྗེས། སྲིད་འཛིན་གྲོང་ཚོའི་མཉམ་སྡེབ་མ་རྩ་བསྐྱར་དུ་འཇོག་པ་དང་ཐོན་སྐྱེད་བྱེད་པ། གན་རྒྱ་བཞག་ནས་མ་རྩ་མཉམ་འདྲེས་དང་གཉེར་སྐྱོང་བྱེད་ཐུབ་ལ། མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་སྟོབས་ཆེར་བཏང་བར་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་དང་ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུར་སྐུལ་ཁྲིད་བྱེད་ཆོག་གི་ཡོད། བཀོད་སྒྲིག་ལྟར་ན། མ་རྩ་རྩིས་བཤེར་དང་ཁོངས་མི་གཏན་འཁེལ་བྱས་རྗེས། 2020ལོར་སླེབས་སྐབས་སི་ཁྲོན་ཞིང་ཆེན་གྱི་སྲིད་འཛིན་གྲོང་ཚོ་མང་ཆེ་བར་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཐོ་འགོད་ལག་ཁྱེར་ཐོབ་རྒྱུ་རེད།


རྩོམ་ཡིག་སྔོན་མ།
༄༅།། འཕང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1