བོད་རྒྱུད་ནང་བསྟན་ཆོས་ལུགས་ཚོགས་གཙོ་གཉིས་ཀྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་གྱི་ཆོས་ལུགས་དོ་དམ་དང་འཕེལ་རྒྱས་སྐོར་གླེང་བ།

དབང་ཆེན་དང་འཇིགས་མེད་གཉིས་ཀྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-26


        དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་སྤེལ་བའི་ དགའ་ཞེན་ལྔ་དང་བསྲུང་བྱ་གཉིས་འགན་ཁུར་གསུམ་བཅས་ཀྱི་ “ལྔ་གཉིས་གསུམ་”སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེལ་བ་དེས་གཅིག་ནི་དགོན་སྡེ་ཚད་ལྡན་ཡོང་བར་བྱེད་པ་དང་། གཉིས་ནི་གྲྭ་པ་ཚད་ལྡན་ཡོང་བ། གསུམ་ནི་སློབ་དོན་བྱེད་སྒོ་ཚད་ལྡན་ཡོང་བར་བྱ་བའི་དམིགས་འབེན་དང་རྨང་གཞི་བརྟན་པོར་འདིང་ཐུབ་པ་བྱུང་སོང་ཞེས་པའི་སྐད་དུམ་བུ་འདི་ནི་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པས་ཁ་པར་ལམ་ནས་ངེད་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་གསུངས་པ་ཞིག་རེད།
        ཁོང་གིས་མུ་མཐུད་གསུང་རྒྱུར། 2014ལོར་ནས་ཁུལ་ཡོངས་ཀྱི་ནང་བསྟན་ལས་རིགས་ནང་དགའ་ཞེན་ལྔ་དང་བསྲུང་བྱ་གཉིས་འགན་ཁུར་གསུམ་གྱི་སློབ་གསོའི་བྱ་འགུལ་སྤེལ་རྗེས། རྒྱ་ཆེའི་གྲྭ་བཙུན་རྣམས་ལ་གཏིང་ཟབ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་སློབ་གསོ་སྤེལ་བ་མ་ཟད། ཆོས་ཀྱི་སྙིང་པོ་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཐོག་ནས་རྒྱལ་གཅེས་ཁྲིམས་སྲུང་གི་འདུ་ཤེས་སྲ་བརྟན་དུ་བཏང་ཡོད་པ་དང་། བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ཡོངས་ཁྱབ་མཐོར་འདེགས་སུ་བཏང་བ་སོགས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་བརྟན་བརླིང་ཡོང་བར་རམ་འདེགས་མཛད་ནས། སློབ་གསོའི་བྱ་འགུལ་དེར་དཀར་མཛེས་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གི་ཁས་ལེན་དང་སྤྱི་ཚོགས་ལས་རིགས་ཁག་གི་བསྟོད་བསྔགས་ཆེན་པོ་ཐོབ་ཡོད་གསུངས། 2016ལོར་མཇུག་བསྡོམས་ཀྱི་ཚོགས་འདུའཚོགས་སྐབས་དུས་རིམ་གྱི་དམིགས་འབེན་དང་ལས་འགན་ཁག་11ལེགས་གྲུབ་བྱུང་ནས་“ལྔ་གཉིས་གསུམ་”སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་ཐད་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅེས་གསུངས།
        བཅོས་བསྒྱུར་སྒོ་འབྱེད་བྱས་པའི་མི་ལོ་བཞི་བཅུའི་རིང་དུ་དཀར་མཛེས་ཁུལ་གྱི་ཆོས་ལུགས་དོ་དམ་དང་འཕེལ་རྒྱས་སྐོར་གསུང་སྐབས་རྒྱལ་བསྟན་བློ་བཟང་བྱས་པས་གསུང་རྒྱུར། སྤྱིར་ཏང་གི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་བཟང་པོའི་འོག །དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོའི་སྤྱོད་ལམ་དོག་པའི་རི་ཁུག་དང་འགག་སྒོ་བྲག་རྩ་ལུང་མདོ་སོགས་སུ་ཆགས་ཡོད་པའི་ལོ་གྲངས་བརྒྱ་ཕྲག་མང་པོའི་དུས་ཀྱིས་རྒུད་པ་དང་། ཆག་ཉམ་དུ་སོང་བའི་དགོན་སྡེ་རྣམས་ལ་རྒྱལ་ཁབ་ཀྱི་ཆོག་མཆན་ལྟར་ཉམས་གསོ་བྱེད་པའི་རོགས་དངུལ་གྱི་འགྲོ་གྲོན་བཏང་ནས་སྔར་ལས་ལྷག་པའི་མཛེས་སྡུག་དང་བརྗིད་ཉམས་ལྡན་པའི་དགོན་པ་ཉམས་གསོ་དང་སྐྱར་བསྐྲུན་བྱས་ཡོད་པ་དང་། ས་ཁུག་ལུང་ཀྱོག་དེ་དག་ལ་སྤྱོད་ལམ་བདེ་བའི་འགྲིམ་འགྲུལ་སྟབས་བདེ་སྤྱོད་ཆོག་པའི་གཞུང་ལམ་དང་སྦྲེལ་བའི་ལམ་ཆེན་དང་ཟམ་པ་སོགས་བསྐྲུན་ཡོད་ཅིང་། སྤྱི་སྤྱོད་ཆུ་བེད་འཛུགས་སྐྲུན་བྱས་ཏེ་དགོན་པའི་སྤྱི་གཉེར་ཁང་དང་གྲྭ་ཁང་དག་གི་སྒོ་རྩར་འཐུང་ཆུ་ཁྲིད་པ་དང་། གློག་འདོན་ས་ཚིགས་བཙུགས་ཏེ་འདུ་ཁང་དང་གྲྭ་ཤག་སོགས་སུ་རིན་མེད་གློག་སྒྲོན་གྱིས་ཉིན་མཚན་གོལ་བའི་འོད་སྣང་སྦྱིན་པ། དུས་རབས་གསར་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམས་སྟབས་མྱུར་བའི་དྲྭ་ལམ་རྒྱུད་ནས་སྟབས་བདེའི་ཆ་འཕྲིན་དང་བརྙན་འཕྲིན་སོགས་ལས་རྒྱལ་ཁབ་ཀྱི་གསར་བསྒྲགས་བྱས་པའི་སྲིད་ཇུས་རབ་དང་རིམ་པ་ཁག་ལ་དཀའ་ཚེགས་མེད་པར་སྙན་གསན་བྱེད་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད་ལ། སྔར་ཡོད་གཞི་རྩའི་ཆོས་ལུགས་རིག་གནས་ཉམ་རྒུད་ཐེབས་པའི་ཆོ་ག་ཕྱག་ལེན་དང་དབྱངས་རོལ་གར་འཆམ་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྣམས་ཉམ་པ་སླར་གསོ་དང་མི་ཉམ་གོང་འཕེལ་གྱི་སློབ་གསོའི་སྒྲིག་འཛུགས་བྱས་ཏེ་མངོན་གསལ་དོད་པོའི་སྔར་ལས་ལྷག་པའི་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་གྲུབ་འབྲས་བཟང་པོ་ཐོབ་ཡོད་ལ། ཁུལ་ཡོངས་ཀྱི་རྫོང་ཁག་སོ་སོའི་དགོན་སྡེ་རྣམས་ཀྱི་སྐུ་གསུང་ཐུགས་རྟེན་སོགས་རིན་ཐང་ལྡན་པའི་རིག་དངོས་རྣམས་ཁུལ་ནང་བསྟན་མཐུན་ཚོགས་ཤུལ་བཞག་རིག་དངོས་སྲུང་སྐྱོབ་དང་དོ་དམ་ལྟ་སྐུལ་ཚོགས་ཆུང་གིས་ཉར་ཚགས་དང་གཅེས་སྤྲས་བསྲུང་སྐྱོང་བཅས་ལེགས་པོར་བྱ་དགོས་པའི་བླང་བྱ་གསལ་པོར་སྟོན་ཡོད་པ་དང་། མིག་སྔར་ལྗང་མདོག་ཅན་གྱི་དུས་རབས་གསར་པའི་སྤྱི་ཚོགས་ཀྱི་འགན་ཁྲིའི་འོག་རྒྱལ་གཅེས་རིང་ལུགས་ཀྱི་བསམ་པའི་མཛེས་སྡུག་དང་ལྷན་དུ་ཆོས་ལུགས་བྱེད་སྒོ་སྤེལ་བ་ནི་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། རིག་གནས་འཕེལ་རྒྱས་སོགས་སྲ་བརྟན་གཏོང་བའི་ཐབས་ལམ་ཉག་ཅིག་ཡིན་པའི་སྐུལ་མ་གནང་ཡོད།
        དགོན་སྡེའི་དོ་དམ་སྐོར་གསུང་སྐབས་ཁོང་གིས་གསུང་རྒྱུར། དཀར་མཛེས་ཁུལ་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི་རང་རྒྱལ་གྱི་ཆེས་ཐོག་མར་བཙུགས་པའི་བོད་རིགས་རང་སྐྱོང་ཁུལ་ཞིག་ཡིན་པ་དང་། ལོ་རྒྱུས་ཐོག་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་མང་བ་དང་། གྲུབ་མཐའ་ཆ་ཚང་བ། དེ་ལས་ལི་ཐང་དགོན་པ་དང་། སྡེ་དགེ་པར་ཁང་། ཀཿཐོག་དགོན་པ་དང་། དཔལ་ཡུལ་དགོན་པ། དཔལ་སྤུངས་དགོན་པ། སེར་ཤུལ་དགོན་པ། དེ་བཞིན་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་སོགས་རྒྱལ་ཁབ་ཕྱི་ནང་ཐམས་ཅད་ལ་སྐད་གྲགས་ཁྱབ་པའི་དགོན་སྡེ་ཤ་སྟག་ཡིན། དགོན་སྡེ་སོ་སོར་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་པའི་མཛེས་སྡུག་དང་ནམ་ཡང་ཁ་འབྲལ་ཐབས་མེད་པའི་བསླབ་བྱའི་དོན་རྒྱུན་འཛིན་བྱས་ཏེ་དགོན་སྡེ་ཁག་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱ་འགུལ་སྤེལ་བའི་གཞུང་ལས་ཁང་འཛུགས་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལག་བསྟར་བྱས་ཏེ་གཟའ་འཁོར་རེ་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་སློབ་གསོ་ཁྱབ་བསྒྲག་བྱས་ཏེ་གྲྭ་བཙུན་རྣམས་ལ་ཟབ་སྦྱོང་བྱེད་པའི་མཛད་སྒོ་སྤེལ་བ། རང་ཁ་རང་གསོ་བྱེད་པའི་དགོན་པ་སྤྱིའི་ཁེ་ལས་ཀྱི་ཚོང་ཁང་འཛུགས་པ། ཆོས་དད་མང་ཚོགས་ཀྱི་འདོད་བློ་བསྐང་ཕྱིར་རིམ་གྲོ་བསྒྲུབ་པ་སོགས་མདོར་ན་སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁྲིམས་རྩི་འཇོག་གི་ལས་ཀ་ལ་ཤུགས་སྣོན་རྒྱག་སྟེ་སྒེར་གཅོད་དང་ཁ་བྲལ་ལ་འགོག་རྒོལ་བྱེད་པའི་སློབ་གསོའི་སྐུལ་མ་ཟབ་མོ་ཐེབས་ཡོད། དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ཀྱི་ཆོ་ག་འདོན་ཤེས་པ་དང་དཀྱིལ་འཁོར་གྱི་ཐིག་རྡུལ་ཚོན་དབྱངས་དང་རོལ་མོ་མདོར་ན་བཅའ་རྡུང་འབུད་དཀྲོལ་སོགས་ཆོས་ལུགས་པའི་སྲོལ་རྒྱུན་རིག་གནས་ལ་བྱང་ཆུབ་པ་དང་ཚགས་སུ་ཆུད་པར་བྱས་ཏེ་དུས་མཆོད་དང་བསྒྲུབ་དཀྱིལ་སོགས་གང་ལའང་ཐོགས་པ་མེད་པར་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་གཞན་དྲིང་མི་འཇོག་པར་རང་རྐྱ་ཐུབ་པའི་ལག་ལེན་བསྟར་བ་སོགས་བྱས་ཏེ། སྡོམ་ཁྲིམས་དང་རྒྱལ་ཁྲིམས་ཟུང་དུ་འབྲེལ་བའི་ལྟ་བས་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་པའི་འདུ་ཤེས་ཟབ་མོའི་མཛེས་སྡུག་གི་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་ཐུབ་པའི་བསྐུལ་མ་ཐེབས་ཡོད།

        བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་40རིང་དུ་རྔ་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ངེད་དུས་དེབ་ཁང་གིས་ཆེད་དུ་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་ལ་རྔ་ཁུལ་གྱི་བོད་བརྒྱུད་ནང་བསྟན་འཕེལ་རྒྱས་སྐོར་ཁ་པར་ཐོག་ནས་བསྐྱར་འདྲི་ཞུས།
        ཚོགས་གཙོ་སྟག་ཚ་ལགས་ཀྱིས་ངོ་སྤྲོད་གནང་བར་ལྟར་ན། 1957ལོའི་ཟླ9པའི་ཚེས12ཉིན། ཀྲུང་གོའི་ནང་བསྟན་མཐུན་ཚོགས་རྔ་བ་ཁུལ་གྱི་ཡན་ལག་མཐུན་ཚོགས་དེང་སང་གི་ལྷ་རྒྱལ་གླིང་དུ་བཙུགས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་དང་ཁྲིད་སྟོན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་བཅས་ཀྱི་རྒྱབ་སྐྱོར་དང་མཛུབ་སྟོན་འོག རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བཅུའི་ལས་འཛིན་གྱིས་དཀའ་ངལ་མཉམ་སེལ་དང་འབད་བརྩོན་ལྷོད་མེད་སྒོས་བརྗིད་ཉམས་ལྡན་ཞིང་འོད་སྟོང་འབར་བའི་རྔ་བའི་རྣམ་པ་འདི་བསྐྲུན།
        བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ་40རིང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་དུས་གཏན་དུ“འབྲེལ་ཟམ་དང་སྒྲོག་ཐག”ལྟ་བུའི་འགན་བཞེས་ཏེ། རྔ་བ་ཁུལ་ཏང་ཨུ་དང་སྲིད་གཞུང་གི་ཇུས་འདོན་ལས་རོགས་པར་གྱུར་ཅིང་། ལྷག་བསམ་རྣམ་དག་གིས་མཉམ་ལས་དང་། དཔུང་པ་མཉམ་གཤིབ་ཀྱིས་འབད་བརྩོན་བྱེད་པའི་གྲོགས་མཆོག་དམ་པར་གྱུར། ལོ་ངོ་40ཡི་རིང་ལ། ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་དུས་གཏན་དུ“རྒྱལ་གཅེས་ཆོས་གཅེས་དང་སྡོམ་བརྩི་ཁྲིམས་སྲུང”གི་སྲོལ་རྒྱུན་བཟང་པོའི་རྒྱུན་བསྐྱངས་ཏེ། དགོན་པའི་གྲྭ་བཙུན་གྱི་མིག་དཔེར་གྱུར། ལོ་ངོ་40ཡི་རིང་ལ། ཁུལ་ནང་བསྟན་མཐུན་ཚོགས་ཀྱིས“མི་ཡུལ་དམ་ཆོས”ཀྱི་སྙིང་སྟོབས་དར་སྤེལ་དུ་བཏང་ཞིང་། ཆོས་ལུགས་དར་སྤེལ་གྱི“བཀོད་འདོམས་ལྟེ་གནས”ཀྱི་འགན་ལེགས་པོར་བསྒྲུབས།
        སྤྱིར་ཡོངས་ནས་བཤད་ན། ལོ་ངོ་40ཡི་རིང་ལ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་རྒྱ་ཆེ་བའི་གྲྭ་བཙུན་མང་ཚོགས་ལ་ཕན་འབྲས་ཆེ་བའི་ལས་དོན་མང་པོ་བསྒྲུབས་ཏེ། རྔ་བ་ཁུལ་གྱི་ཆོས་ལུགས་ཞི་མཐུན་དང་། སྤྱི་ཚོགས་འཆམ་མཐུན་ཡོང་བར་བྱས་རྗེས་བཞག་ཡོད། དུས་རབས་ཀྱི་ཆར་རླུང་ཁྲོད་ནས་མདུན་དུ་བསྐྱོད་པའི་ལོ་ངོ་40ཡི་རིང་ནང་བསྟན་མཐུན་ཚོགས་དང་ཏང་སྲིད་ཀྱི་མཉམ་ལས་བྱེད་པའི་ཚད་མུ་མཐུད་དུ་གཏིང་ཇེ་ཟབ་ཏུ་གྱུར་ཅིང་། ཕན་འབྲས་ཀྱང་ཇེ་ཆེར་གྱུར།
        འདྲ་མཉམ་མཛའ་མཐུན་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ་བཅོས་བསྒྱུར་སྒོ་འབྱེད་མུ་མཐུད་དུ་གཏིང་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་བ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་དུ། བཅོས་བསྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་དང་བསྟུན་ནས་ཁུལ་ཡོངས་སུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་། རྒྱ་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པ་བསྡོམས་པས་200ལྷག་ལ་བསྟུད་མར་ཆོག་མཆན་བཀོད་ནས་སྒོ་འབྱེད། ཁུལ་ཡོངས་ཀྱི་ནང་བསྟན་ལས་རིགས་གོང་དུ་སྤེལ་བ་དང་། དགོན་པའི་གྲྭ་བཙུན་གྱི་རེ་སྨོན་མང་པོ་བསྐངས། དུས་གཏན་དུ་མཐུན་སྒྲིལ་མཉམ་ལས་དང་། ཏང་གི་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་། ཁུལ་ཡོངས་ཀྱི་ནང་བསྟན་ཆོས་ལུགས་སྐོར་གྱི་བྱ་གཞག་བདེ་བླག་ངང་གོང་དུ་སྤེལ་བར་ཁྲིད་སྟོན་བྱས།
        2014ལོ་ནས་བཟུང་། རྔ་བ་ཁུལ་གྱིས་ཀྲུང་དབྱང་གི་བོད་སྐྱོང་སྲིད་ཇུས་དང་ཞིང་ཨུའི་བོད་རིགས་ས་ཁུལ་ལས་དོན་གྱི་སྤྱིའི་བསམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། “ ཁྲིམས་ལྟར་དགོན་སྐྱོང་དང་། འདུལ་ཁྲིམས་ལྟར་དགེ་འདུན་ལ་དོ་དམ་བྱེད་པ། གྲྭ་བཙུན་སྡོམ་བརྩི་ཁྲིམས་སྲུང་” བཅས་ཀྱི་སྤྱིའི་བླང་བྱ་ལྟར། ཞིང་ཆེན་དང་ཁུལ་རྫོང་རིམ་པ་གསུམ་གྱིས་དཔལ་ཡོན། ཞི་མཐུན། བདེ་འཇགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་“ རིམ་གསུམ་མཉམ་གཏོད་”བྱས། བྱེད་སྒོ་སྤེལ་བ་ནས་བཟུང་། “ རང་འགུལ་ངང་རེ་ཞུ་དང་། རིམ་པ་རེ་རེ་བཞིན་སྙན་ཞུ་དབུལ་དགོས་པ་དང་། རིམ་པ་རེ་རེ་བཞིན་ཞིབ་བཤེར་སྤྱི་བསྒྲགས་ཀྱི་གོ་རིམ་བརྒྱུད་པ། ཁུལ་ཡོངས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་དང་། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་ཧུར་བརྩོན་གྱིས་འཛུགས་སྐྱོང་བྱེད་སྒོར་ཞུགས། སྔོན་ཐོན་ཚོགས་པ་བརྩོན་ལེན་དང་། སྔོན་ཐོན་མི་སྒེར་བརྩོན་ལེན་། རང་འགུལ་ངང་གསར་འཛུགས་བྱེད་པ། མཐུན་སྒྲིལ་མཉམ་སྐྱོད་བྱེད་པ་བཅས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན། དགོན་པ་མང་པོ་ཞིག་གསོ་བྱས་པ་དང་། 2014ལོ་ནས་བཟུང་། ཁུལ་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་གནས་273བཙུགས། ཁུལ་རིམ་པའི་174 ཡོད་པ་དང་། ཞིང་ཆེན་རིམ་པའི་66ཡོད་པ་དང་། མི690ནི་ཞིང་ཆེན་རིམ་པའི་“ རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་བདམས།
        མིང་གྲགས་ཅན་གྱི་མི་རིགས་རིག་པ་མཁས་ཅན་སྐུ་ཞབས་ཧྥེ་ཞའོ་ཐུང་གིས་རྔ་བ་ནི་“མི་རིགས་རིག་གནས་ཀྱི་ས་རྒྱུད་རིང་མོའི་ལྟེ་གནས་ཡིན་ཞེས་བརྗོད་པ་དང་། རྔ་བ་ནི་མིང་དོན་མཚུངས་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་བང་མཛོད་ཆེན་མོ་ཞིག་ཡིན་གསུངས་པ་བཞིན། མིག་སྔར། རྔ་བ་ཁུལ་ལ་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ནང་ཆོས་ལུགས་དང་འབྲེལ་བའི་མངོན་མིན་རིག་གནས་ཤུལ་བཞག་ཁྱོན་བསྡོམས་རྣམ་གྲངས་16དང་། དེའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས་1 བཅས་དང་། ཞིང་ཆེན་རིམ་པའི་རྣམ་གྲངས་3 དང་། ཁུལ་རིམ་པའི་ཁག་12 དང་། དེའི་རྣམ་གྲངས་ཀྱི་ནང་དོན་སྣ་ཁ་ཤིན་ཏུ་མང་སྟེ། དཔེར་ན། ཇོ་ནང་ཚངས་པའི་དབྱངས། བོད་རིགས་ལྕགས་རིགས་ཐོན་རྫས་ལས་སྣོན་བཟོ་རྩལ། མ་ཎི་རྡོ་བརྐོས་ལག་རྩལ། འཆམ་རྒྱག་པ། བོད་རིགས་ཕོ་བྲང་ནང་གི་རྒྱན་སྤྲས་སྒྱུ་རྩལ། བོད་སྨན། སྤོས་བཟོ་རྩལ། བརྐོས་རིས། བོད་ཀྱི་ལྡེབས་རིས། ཨ་ཅེ་ལྷ་མོ། མར་རྒྱན། བོད་ཀྱི་ཐང་ག་སོགས་རེད།
        དྲིལ་བསྒྲགས་དེ་བས་ལེགས་པ་ཞུ་ཆེད་དང་རྔ་བ་ཁུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་ཆེད། བྱེད་སྒོ་སྣ་ཚོགས་སྤེལ་བ་དང་གང་ལེགས་ཀྱིས་ཕྱི་ཕྱོགས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་ཧུར་ཐག་གིས་སྤེལ། ཇོ་ནང་ཚངས་པའི་དབྱངས་ཀྱི་གནའ་བོའི་རོལ་དབྱངས་པེ་ཅིང་སློབ་ཆེན་དང་ཀྲེ་ཅང་ཞིང་ཆེན་སྒྱུ་རྩལ་ཞིབ་འཇུག་ཁང་དུ་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པ་དང་། རྡོ་བརྐོས། བོད་ཡིག་ཡིག་གཟུགས། བོད་སྨན། སྤོས་བཟོ་ལག་རྩལ་སོགས་ཀྱི་ཕུལ་བྱུང་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་། བསྟུད་མར་ཐེངས་བདུན་ལ་“ ཀྲུང་གོའི་ཁྲེན་ཏུའི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་མང་བཤམས་སྟོན་ཚོགས་འདུར་”ཞུགས་པ་དང། དེ་མིན་པེ་ཅིན་དང་ཐའེ་པེ་སོགས་སུ་འགྲེམས་སྟོན་མང་པོ་བྱས།
        ཁོང་གིས་མཇུག་མཐར་གསུང་རྒྱུར། ལོ་མང་པོའི་རིང་། གོང་རིམ་ལས་ཁུངས་དང་ཞིང་འབྲོག་མང་ཚོགས་ཀྱིས་རྒྱབ་སྐྱོར་འོག རྔ་བ་ཁུལ་གྱི་ཆོས་ལུགས་ལས་དོན་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ང་ཚོས་རྗེས་ཕྱོགས་ཀྱི་བྱ་བའི་སྟེང་དུ་འབད་བརྩོན་ལྡབ་འགྱུར་བྱས་ཏེ། རང་སའི་ཁྱད་ལྡན་གྱི་རིག་གནས་དང་བོད་བརྒྱུད་ནང་བསྟན་གྱིས་བྱམས་སྐྱོང་འཆམ་མཐུན་སོགས་ཀྱི་བླང་བྱ་དང་དུ་ལེན་ནས་སྔར་ལས་འབད་པ་བྱེད་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལས་དོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆོས་ལུགས་རིག་གནས་ལ་བརྟག་དཔྱད་ཞིབ་འཇུག་སྔར་ལས་ཤུགས་སྣོན་རྒྱག་པ་དང་། དེང་རབས་ལག་རྩལ་གྱི་ཐབས་གང་ལེགས་སྤྱད་དེ་རང་ཁུལ་གྱི་ཆོས་ལུགས་རིག་གནས་ཤུལ་བཞག་ཕྱོགས་བསྡུས་གྲངས་མཛོད་འཛུགས་ནས་སྲུང་སྐྱོང་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་ཆོས་ལུགས་རིག་གནས་ཤུལ་བཞག་རིག་གནས་ལ་ལྟ་ཚུལ་ཡང་དག་པ་འཛིན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་དང་བྱེད་ངེས་ཡིན།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1