ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་པེ་ཅིན་ནས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 01-02


        ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་བར་པེ་ཅིན་ནས་འཚོགས།
        ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་དང་ཞིང་སྡེ་སྔོན་དུ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པའི་གྲོས་གཞི་འགའི་གྲོས་སྡུར་མ་ཟིན་ལ་གྲོས་སྡུར་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།
        ཚོགས་ཐོག་ནས་བསྟན་དོན། ངེས་པར་དུ་མིག་སྔའི་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པའི་དམིགས་བསལ་དང་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཞིང་ལས་དང་ཞིང་སྡེ་སྔོན་དུ་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་ཀྱི་ཁ་ཕྱོགས་བརྟན་པོ་བཙུགས་ནས། ཞིང་གསུམ་བྱ་བའི་ཐད་ཀྱི་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པར་དམ་འཛིན་བྱེད་དགོས་ཟེར།
        ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་འགྲུབ་པར་བྱེད་པའི་ཚད་མཐའི་ལས་འགན་ཡིན་པས། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་མངོན་འགྱུར་བྱེད་པའི་ཐད་ལྷགས་པའི་འབུར་ཐོན་གནད་དོན་གཙོར་བཟུང་ནས་ཐག་གཅོད་པ་དང་། དབུལ་ཐར་མཁྲེགས་གཏོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་ལ་དམ་འཛིན་བྱེད་པ་དང་། འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་གཏན་འཇགས་སུ་གཏོང་བ། སྤྱིལ་ཁང་གནད་དོན་མེད་པར་བཟོ་བ་དང་བཅོས་སྐྱོང་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ། ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཞིང་ལས་ཀྱི་རྒྱབ་སྐྱོར་དང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཏང་གིས་ཞིང་གསུམ་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ནས། ཞིང་སྡེའི་གཞི་རིམ་ཏང་ཀྲི་པུའུ་འཛུགས་སྐྲུན་བཟང་བོ་བྱེད་པ་དང་། ཞིང་ལས་དང་ཞིང་སྡེ་སྔོན་དུ་འཕེལ་རྒྱས་སུ་གཏོང་བའི་བྱ་བ་ལག་བསྟར་ནན་མོ་བྱེད་དགོས་ཟེར།
        རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཞའོ་ཅེ་ཡིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་མཛིན་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1