རྔ་བ་ཁུལ་གྱི་ལྗོངས་སྐོར་ལས་རིགས་ཀྱི་འཕེལ་རྒྱས།

ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-02


        ལོ་ངོ་བཞི་བཅུའི་རིང་འདིར། རྔ་བ་ཁུལ་གྱི་ལྗོངས་སྐོར་ལས་རིགས་ནི་མེད་པ་ནས་ཡོད་པ་དང་། སྔར་ལས་གཞི་རྒྱ་ཆེར་སོང་སྟེ། སྒྲིག་སྲོལ་ཡོད་པ། སྔར་གྱི་སྣ་རྐྱང་གི་ལྗོངས་སྐོར་རྣམ་པ་ལས་ཁོངས་ཡོང་ཀྱི་ལྗོངས་སྐོར་དང་རྣམ་པ་སྣ་མང་ཅན་དུ་འཕེལ་ཡོད་པས། རྔ་བ་ཁུལ་གྱི་ལྗོངས་སྐོར་ལས་རིགས་ནི་ཁུལ་ཡོངས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོར་གྱུར་ཡོད།

        ད་ལོ་རྔ་བ་ཁུལ་གྱིས་བསྡུས་པའི་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་གྲོས་ཐེངས་ལྔ་བ་ལས། 2020ལོར། རྔ་བ་ཁུལ་གྱི་ལྗོངས་སྐོར་ལས་རིགས་ནི་རྒྱལ་ཁབ་རང་བཞིན་གྱི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་འཕེལ་བ་དམིགས་འབེན་དུ་བཟུང་ཡོད། ད་ལོའི་ཟླ་10བར། འཛམ་ཐང་རྫོང་གི་གསེར་མཁར་དགོན་ལྗོངས་སྐོར་ཁུལ་རྒྱལ་ཁབ་ཀྱི་A3རིམ་པའི་ལྗོངས་ཁུལ་དུ་ཚུད་པས། རྔ་བ་ཁུལ་གྱི་རྫོང་སོ་སོར་ཡང་རྒྱལ་ཁབ་ཀྱི་A3པའི་ལྗོངས་ཁུལ་ཡོད་པར་གྱུར་ཏེ། ད་ལྟ་རྔ་བ་ཁུལ་གྱི་ལྗོངས་སྐོར་ལས་རིགས་ནི་རིམ་པ་གསར་བ་དང་དམིགས་ཡུལ་གསར་བ། ཁ་ཕྱོགས་གསར་བ་བཅས་སུ་འཕེལ་གྱིན་ཡོད་དོ། །
        རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་ནི་ཡུལ་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་འགག་རྩ་ཡིན་ལ། ལྗོངས་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་དང་གཞི་རྩའི་འགན་ལེན་ཡང་ཡིན།
སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ། རྔ་བ་ཁུལ་གྱིས་སྐྱེ་ཁམས་ཀྱི་ལེགས་ཆ་དང་ནུབ་རྒྱུད་སྒོ་འབྱེད་ཀྱི་སྲིད་ཇུས་ཟུང་འབྲེལ་བྱས་ཤིང་། ཏང་ཀྲུང་དབྱང་གིས་བོད་ཁུལ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་པ་བཅས་དང་བསྟུན་ནས། རྔ་བ་ཁུལ་གྱི་ལྗོངས་སྐོར་ལས་རིགས་ཀྱིས་ཐོན་ལས་གསུམ་པ་འཕེལ་བར་ནུས་པ་གང་ལེགས་བཏོན། དེ་མིན། རྔ་བ་ཁུལ་གྱི་ཐོག་མཐའ་བར་གསུམ་དུ། སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློར་འགྱུར་བ་མེད་པར་སྐྱེ་ཁམས་སྲུང་སྐྱོང་གིས་ལྗོངས་སྐོར་ལས་རིགས་རྒྱུད་མཐུད་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཞིང་། ལྗང་མདོག་འགྲུལ་བཞུད་ཀྱིས་ལྗོངས་སྐོར་ལས་རིགས་དར་བར་མཐུན་རྐྱེན་བཟོས་པས། མི་རིགས་ས་ཁུལ་གྱི་དོན་དངོས་དང་མཐུན་པའི་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་དང་སྐྱེ་ཁམས་ལྗོངས་སྐོར་ལས་རིགས་དར་བར་མཐུན་ལམ་གང་མང་བསྐྲུན།
        རྨང་གཞིའི་སྒྲིག་ཆས་འཛུགས་ཐད་ནས་བཤད་ན། རྔ་བ་ཁུལ་གྱིས་སྔ་གཞུག་ཏུ་འགྲིམ་འགྲུལ་མ་ལག་འཐུས་ཚང་དུ་བཏང་ཡོད་དེ། ཝུན་ཁྲོན་ས་འགུལ་གྱི་གནོད་རྗེས་བསྐྱར་བསྐྲུན་གྱི་ལས་ཀར། རྔ་བ་ཁུལ་གྱི་གཞུང་ལམ་དང་ལྕགས་ལམ། མཁའ་ལམ་སོགས་འཛུགས་བསྐྲུན་གང་མང་བྱས་པས། རྔ་བ་ཁུལ་གྱི་ལྗོངས་སྐོར་ལས་རིགས་དར་བར་ནུས་གང་ལེགས་བཏོན།
        འཕེལ་རྒྱས་ཀྱི་གོམ་སྟབས་ལྷོད་མི་རུང་ལ་འཚོལ་སྙེགས་ཀྱི་སྙིང་སྟོབས་ཞུམ་མི་རུང་། ལྗོངས་སྐོར་ལས་རིགས་མུ་མཐུད་ནས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན། ལྗོངས་སྐོར་དང་དབུལ་སྐྱོར། ལྗོངས་སྐོར་དང་སྐྱེ་ཁམས། འགྲིམ་འགྲུལ་དང་ལྗོངས་སྐོར་སོགས་ཀྱང་རིམ་གྱིས་དར་གྱིན་ཡོད།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་གནད་འཁེལ་ལ་དམིགས་ཏེ་ནན་གྱིས་གསུང་དོན། དབུལ་ཕོངས་སེལ་བ་དང་དམངས་འཚོ་ལེགས་བཅོས་བྱས་ཏེ། རིམ་གྱིས་ཚང་མ་ཕྱུག་པོར་འགྱུར་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རེ་འདུན་ཡིན་ཞིང་། ང་ཚོའི་ཏང་གི་ལས་འགན་གཙོ་བོ་ཡང་ཡིན། ང་ཚོས་ངེས་པར་དུ་དམིགས་ཚད་དམ་པོར་བཟུང་ནས་དཀའ་སྤྱད་འབད་བརྩོན་གྱིས་སྒྲུབ་ཅིང་། མཐའ་གཅིག་ཏུ་དབུལ་བྲལ་གནད་འཁེལ་གྱི་བྱ་བཞག་རྒྱལ་ཁ་ལེན་པར་འབད་དེ། 2020ལོར། དབུལ་ཕོངས་ས་ཁུལ་ཡོངས་ཀྱི་དབུལ་བོ་རྣམས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པར་འགན་ལེན་བྱེད་དགོས།

        གཞི་གྲངས་ལས་མངོན་པར། 2016ལོར། གྲོང་ཚོའི་ལྗོངས་རྒྱུ་བ་མི་ཐེངས་ཁྲི་1400ལྷག་སྣེ་ལེན་བྱས་པ་དང་། ཡོང་འབབ་སྒོར་དུང་ཕྱུར་11.5ཡོད་ཅིང་མི་ཁྲི་7.9ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པར་དབུལ་ཕོངས་ཁྱིམ་ཚང་གི་མི་2600ལྷག་ཡོད། 2017ལོར།  གྲོང་ཚོའི་ལྗོངས་རྒྱུ་བ་མི་ཐེངས་ཁྲི་976.57ལྷག་སྣེ་ལེན་བྱས་པ་དང་། ཡོང་འབབ་སྒོར་དུང་ཕྱུར་8.99ཡོད་ཅིང་། མི་ཁྲི་8.2ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པར་དབུལ་ཕོངས་ཁྱིམ་ཚང་གི་མི་5582ལྷག་ཡོད། 
        ད་ལྟ་རྔ་བ་ཁུལ་གྱི་ལྗོངས་སྐོར་ལས་རིགས་ལ་སྔར་མེད་ཀྱི་འཕེལ་རྒྱས་སུ་སོང་བས། རྔ་བ་ཁུལ་གྱི་དཔལ་འབྱོར་སོགས་ཕྱོགས་ཀུན་ནས་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་ཕན་པ་ཆེན་པོ་ཡོད་དོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1