བརྩེ་བའི་གཏམ་རྒྱུད།

རྔ་འོད། (རྔ་བ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


        ཞོགས་པར་སློབ་ཁྲོད་གྲོལ་ནས། ང་དང་གྲོགས་པོ་འགའ་སྡོད་ཤག་ཏུ་ཡོང་ནས་ངལ་གསོ་བྱས། ཉུང་ཙམ་འགོར་ནས་ཁ་པར་འདར་འགུལ་འདུག ངས་མགྱོགས་པར་ཨང་གྲངས་ལ་ལྟ་སྐབས་དགའ་ལོ་མ་ཞེས་བྲིས་འདུག ཁྱི་ཕྲུག་གི་སྔོན་ལ་ཤ་ལྷུང་བ་བཞིན་ང་ཡང་ཤིན་ཏུ་ཞེན་ནས་ཁ་པར་སྒོ་ཡང་ཕྱེ་མི་ཕོད། ཁ་པར་ནས་སྙིང་ཉེ་བའི་བུ་མོ་ཞིག་གིས་དེ་རིང་ཁྱེད་ཅག་ངལ་གསོ་ཡིན་ནམ། ཁྱེད་ཀྱིས་ང་ལ་ཁ་པར་མི་ཡོང་དོན་ང་བརྗེད་པ་ཡིན་ནམ། མིན་ང་སྐྲག་ནས་ཁ་བརྡ་བྱེད་མི་ཕོད། “ཧུ་་་ཧུ་་་ཀུ་རེ་ཡིན” ཁྱེད་ཅག་གི་སློབ་གྲྭ་ནམ་ཚོད་གྲོལ་འདུག ཕལ་ཆེར་གཟའ་འཁོར་གཅིག་ཙམ་མཆིས། སློབ་གྲྭ་གྲོལ་ནས་ངའི་ཕ་ཡུལ་དུ་ཡོང་འདོད་འཆར་རམ། གལ་ཏེ་ཡོང་འདོད་མཆིས་ན་ངས་སྒུག་ཆོག ངའི་སེམས་ལ་སྔོན་ཆད་ནས་ཁོང་མོའི་ཕ་ཡུལ་དུ་འགྲོ་འདོད་སྐོམ་པའི་ཆུ་འདོད་བཞིན་འཆར་གདའ། ཡིན་ནའང་ཁོང་མོར་ད་དུང་བཤད་མེད། དེ་རིང་དངོས་སུ་གོ་སྐབས་སླེབས་འདུག གོ་སྐབས་ནི་རང་གིས་ངལ་རྩོལ་ཁྲོད་འཚོལ་བ་ལས་གོ་སྐབས་ཀྱིས་ཕྱིར་འཚོལ་ག་ལ་སྲིད། ཝེ། དབང་ཕྱུག་སྐྱིད་སློབ་གྲྭ་གྲོལ་མ་ཐག་ནས་ང་སླེབས་ཡོང་། ཁྱེད་ཀྱིས་ང་རང་སྒུག་ཐུབ་བམ། ཁྱོད་འདི་ད་ངའི་སྔོན་ནས་བཤད་ཟིན་ཁྱེད་རང་སྒུག་ཤ་སྟག “ཆོག་གི་་ཆོག་གི་་”ད་ང་སྤོ་ལོ་རྩེ་རུ་འགྲོ་བ་ཡིན། བདེ་མོ། ཡ། བདེ་མོ།

        སྤྱི་ཟླ་དང་པོའི་ཚེའི་བདུན་ཉིན་སློབ་གྲོགས་ཚང་མས་རྒྱུགས་སྤྲོད་ཚར་ནས་དགའ་དགའ་སྤྲོ་སྤྲོའི་ནང་རང་ཁྱིམ་དྲོད་མོར་འགྲོ་བཞིན་འདུག ང་དང་ཕ་ཡུལ་གཅིག་པའི་སློབ་གྲོགས་ཚང་མས་རླངས་འཁོར་གཅིག་གླས་ནས་ཕ་ཡུལ་དུ་སྐྱོད། ལམ་སྐབས་ནས་སློབ་གྲོགས་ཁ་ཤས་ལ་འཁོར་དུག་ཕོག་ནས་བཟོད་ཐབས་མི་འདུག མ་གཞི་ང་ལ་ཡང་འཁོར་དུག་ཆེན་པོ་འདུག ཡིན་ནའང་སྐབས་དེར་ང་ལ་འཁོར་དུག་གཏིང་ནས་བོར་སོང་། རྒྱུ་མཚན་ནི་ཟླ་བ་བཞི་ཙམ་གྱི་རིང་ལ་དགའ་རོགས་གཅིག་པུ་ལ་མ་འཕྲད་པས་ད་ཐེངས་དངོས་སུ་ཁོང་མོའི་འགྲམ་དུ་སླེབས་པའི་ཚོར་སྣང་བཙན་པོའི་རེད་འདོད། ཉིན་མཚན་གཅིག་ཙམ་གྱི་རིང་ལ་རླངས་འཁོར་ནས་ཡོང་། ཕ་ཡུལ་དུ་སླེབས་དུས་སློབ་གྲོགས་ཚང་མ་ལ་ཕ་མ་སོགས་བསུ་མ་ཕེབས་འདུག ང་གཅིག་པུ་འུག་པ་བཞིན་ཁེར་རྐྱང་ནང་ལྷག ངའི་ཕ་མ་བསུ་མར་སླེབས་ག་ལ་སྲིད། བདག་ཁོང་མོ་དང་འཕྲད་འདོད་ནས་སློབ་གྲྭ་ད་དུང་ཉིན་ཁ་ཤས་ལ་གྲོལ་བཞིན་མེད་ཞེས་རྫུན་བཏང་། རྔ་བ་རྫོང་ཐོག་ནས་མགྱོགས་པར་མགྱོགས་པར་ཁོང་མོའི་ཕ་ཡུལ་རྨ་ཆུ་ལ་འགྲོ་བའི་རླངས་འཁོར་འཚོལ། རས་འཁོར་སྔ་མོ་ནས་འགྲོ་ཚར། ང་རང་གི་ཡིད་ལ་འགྲོ་ཐུབ་རྒྱུ་མ་རེད་བསམ་ནས་འཚུབ་སྣང་དབྱར་ཁའི་སྤྲིན་ནག་བཞིན་ལང་ལོང་འཁྲུག བློ་ཡུལ་ནས་འདས་པ་ཞིག་ཁ་ལོ་བ་གཅིག་གིས་གཅིག་སྒྲིལ་ལ་འགྲོ་ནི་ཡོད་ན་མགྱོགས་པར་ཤོག་ཞེས་འབོད་བཞིན་འདུག གཅིག་སྒྲིག་ནས་རྨ་ཆུ་ཐག་ཉེ་འདུག ཁ་ལོ་བ་ལ་ཤོག་དངུལ་ཅི་ཙམ་ཡིན་པ་ཡང་མ་གླེང་བར་རླངས་འཁོར་ནང་དུ་བུད། རླངས་འཁོར་ནས་ང་རང་ཉིན་མཚན་གཅིག་རིང་ལ་གཉིད་སྐྱིད་པོ་ཡོང་མེད་པས། རླངས་འཁོར་དེད་ལ་མཁའ་དབུགས་གཙང་། ང་རང་གཉིད་སོང་། རྨི་ལམ་ནས་དབང་ཕྱུག་སྐྱིད་དང་སྐབས་འགར་འཕྲད་འདུག སྐབས་འགར་ཁོང་མོ་དང་འཕྲད་རུང་སྐྱེས་པ་གཞན་དང་འཕྲད་ནས་ང་ལ་ཁ་བརྡ་མི་བྱེད་པར་འདུག ངས་ཉིན་མཚན་གཅིག་ཙམ་གྱི་དཀའ་སྡུག་བརྒྱུད་ནས་སླེབས་ཀྱང་ཁོང་མོ་ང་ལ་ཞེན་ལོག་འདུག

        དུས་ཚོད་གཅིག་དང་ཕྱེད་ཙམ་འགོར་ནས་ཁ་ལོ་བའི་ང་ལ་འབོད་བཞིན་འདུག ང་རང་སྔོན་གྱི་རྨི་ལམ་དེ་ལ་ཡིད་ཆེས་མཚོ་མོ་བཞིན་འཕྱུར་ནས་སྐྱོ་གདུང་ནང་རྨི་ལམ་དང་ཁ་བྲལ། ཨ་རོགས། ཁྱེད་འདིར་སྡོད་དང་རྨ་ཆུ་ལ་འགྲོ་བའི་རླངས་འཁོར་དག་འདི་ནས་འཚོལ་སྲིད། ངའི་སེམས་ལ་སྐྱིད་འདུག སྔོན་གྱི་གནད་དོན་དག་མ་གཞི་རྨི་ལམ་རེད་འདོད་ནས་ཉུང་ཙམ་ལ་ཅི་བསམ་འདི་བསམ་མེད་པར་ཧད་འདུག ཁོ་ལོ་བས་ཤོག་དངུལ་ཉེར་ལྔ་རེད། ང་གཞི་ནས་སད་པ་བཞིན་ཤོག་དངུལ་སྤྲད་ནས་བབས། དེ་ནས་དུས་ཚོད་གསུམ་ཙམ་རྨ་ཆུ་ལ་འགྲོ་བའི་རླངས་འཁོར་འཚོལ། གཅིག་ཀྱང་འགྲོ་ནི་དབེན། རླངས་འཁོར་ཆེད་འགྲོ་མང་འདུག ཡིན་ནའང་ཁོང་ཚོ་ལ་ཤོག་དངུལ་མང་ཙམ་དགོས། སྔར་ལྟར་ང་ལ་འཚུབ་སྣང་འཆར་ནས་རླངས་འཁོར་གཅིག་ཆེད་མངགས་བྱེད་ནས་རྨ་ཆུ་ལ་ཆས། རླངས་འཁོར་ནང་དུ་ཁ་ལོ་བ་ངེད་གཉིས་གཞན་ལས་མེད། ཆས་བཞིན་ཆས་བཞིན་ཁ་ལོ་བའི་ང་ལ་ཁྱེད་རང་སློབ་མ་ཡིན། “ཡིན” དུ་ན་ད་སྐབས་རྨ་ཆུ་ལ་འགྲོ་དོན་ཅི་ཡིན། “སློབ་གྲོགས་གཅིག་གི་ང་རང་སྒུག་འདུག” དུ་ན་ཁྱེད་རང་སྙན་ངག་འབྲི་རྒྱུ་ལ་དགའ་འམ།“ སྙན་ངག་ནི་ང་རང་ཞེན་པའི་རོལ་དབྱངས་ཡིན་པས། ངས་ནམ་ཡང་ཁོང་ཉིད་གཏོང་ན་མི་འདོད” ཞེས་ངེད་གཉིས་ཀྱི་ཁ་བརྡ་སྣ་ཚོགས་བྱེད་ནས་མགྱོགས་པར་རྨ་ཆུ་ལ་འབྱོར་སོང་།

        སྐབས་དེར་རྨ་ཆུ་ས་རུབ་ལ་ཉེ་འདུག ངའི་མགྱོགས་པར་དབང་ཕྱུག་སྐྱིད་ལ་ཁ་པར་བཏང་། རང་ཉིད་རྨ་ཆུ་ལ་འབྱོར་སོང་། ཁྱེད་ཉིད་གང་ན་ཡོད། རླངས་འཁོར་འབབ་ཚུགས་ན་ཡོད། ཉུང་ཙམ་སྒུག་རོགས་ང་མགྱོགས་པར་སླེབས་ངེས། སྐར་མ་ཉི་ཤུ་ཙམ་འགོར་ནས་སླེབས་སོང་། གནག་ཅིང་སྣུམ་ལ་གཡས་སུ་འཁྱིལ་བའི་སྐྲ་ལོ། ཡངས་ཤིང་ཆེ་ལ་ཟུར་གཉིས་བྱིད་པའི་དཔྲལ་བ།སྲབ་མཐུག་རན་ལ་རྒོད་ཀྱི་གཤོག་ཟུང་ལྟར་རྣམ་པར་བསྐྱོད་པའི་སྨིན་མ། ཟླུམ་ཞིང་སྒོར་ལ་རི་དྭགས་ཀྱི་མིག་ལྟར་མཛེས་པའི་འདྲེན་བྱེད། ཞི་ལའི་ཙི་གུ་ལ་ཐུབ་ཚོད་བྱེད་པ་བཞིན་ཙི་གུ་འཇིགས་སྣང་གི་འགུལ་ཡང་མ་ཕོད་པ་བཞིན་ང་རང་ཧད་ནས་སེམས་འདུན་རང་གི་ལུས་ཁོག་ནང་ལ་འཛུལ་ཐུབ་བཞིན་མེད།“ ཝེ། ཅི་རེད། འགྲོ” ད་གང་ན་འགྲོ གཙོད་ན་འགྲོ འདིར་ནས་བསྡད་ན་སྟབས་བདེ་མིན་ཞེས་འཛུམ་མདངས་གཅིག་བཞད་དེ་ནི་དབྱར་མེ་ཏོག་སྣ་ཚོགས་ཀྱི་མཛེས་སྡུག་བཀྲ་བ་དང་གཉིས་སུ་མེད། དེ་ནས་སླར་ཡང་རླངས་འཁོར་གཅིག་འཚོལ། ཁ་ལོ་བ་གཅིག་ཏུ་ཤོག་དངུལ་མང་ཙམ་དགོས། གལ་ཏེ་ཁྱེད་གཉིས་འགྲོ་ན་མགྱོགས་པར་འགྲོ ངེད་གཉིས་འཐད་པའི་རི་མོ་བྲིས་པ་བཞིན་གཙོད་ཕྱོགས་སུ་ཆས།ཉིན་མཚན་གཉིས་ཙམ་གྱི་རིང་ལ་རང་ཉིད་ཡོང་བས། ཆད་ནས་ཁ་བརྡ་ཡང་བྱེད་བཞིན་མེད་འདུག མཚན་དཀྱིལ་ཙམ་གཙོད་ལ་སླེབས་སོང་། ངེད་གཉིས་ཀྱིས་མགྲོན་ཁང་འཚོལ་ནས་སོང་ཁོང་མོ་མཉམ་གཅིག་དུ་མི་ཉལ་བར་སོ་སོ་ཉལ་བའི་ཉལ་ཁྲི་དགོས་ཞེས་ལབ། ངས་མི་དགའ་བའི་རྣམ་འགྱུར་ནང་སོ་སོའི་ཉལ་ཁྲི་བསྡད། འདོད་པའི་རོལ་རྩེ་འཆར་ནས་ང་རང་ཁོང་མོའི་འགྲམ་དུ་སྦྱར། ཡིན་ནའང་ཁོང་མོ་བརྟན་པོ་རྡོ་རྗེ་བཞིན་འདོད་རྩེ་ག་ལ་དགོས། མ་གཞི་ང་ལ་འོ་སྦྱོར་ཙམ་ཡང་མི་བྱེད། དོ་ནུབ་ང་རང་ལམ་ཐག་རིང་བོ་ཡོང་བས་གཉིད་ཁུག་ནས་དེད་ཙམ་གྱི་ཚོར་མེད་ཤེས་མེད་ནང་རྨི་ལམ་གྱི་ཁྱིམ་གཞི་ལ་མགྲོན་པོ་སླེབས་སོང་།

        ཉི་འོད་འཆར་ནས་ཡུན་རིང་འགོར་ཟིན། དབང་ཕྱུག་སྐྱིད་ཀྱིས་ང་ལ་གཉིད་དཀྲོག་ནས་འབོད་བཞིན་འདུག དེ་རིང་ངེད་གཉིས་སྲང་ལམ་དུ་འཁྱལ་འགྲོ ཁྱེད་རང་གི་གཙོད་ཀྱི་གསེར་མཁར་དགུ་ཐོག་ཞེས་པ་ལ་འགྲོ་མྱོང་ངམ། མ་མྱོང་། འོ་རེད་དུ་ན་དེ་རིང་ངེད་གཉིས་འགྲོ་ཞེས་མགྱོགས་པར་ང་རང་ཡར་ལངས། ངེད་གཉིས་གསེར་མཁར་དགུ་ཐོག་སོང་། གསེར་མཁར་ནང་དུ་བོད་ཀྱི་ལོ་རྒྱུས་བཙན་པོ་དག་བཤམས་འདུག ངེད་གཉིས་ཀྱི་བློ་རྩེ་གཅིག་སྒྲིབ་ངང་འགྲོ་བ་རི་དྲུག་ལ་བདེ་སྐྱིད་ཕུན་སུམ་ཚོགས་པར་ཡོང་བ་དང་བོད་མི་རིགས་ཀྱི་ཕ་སྐད་གཙང་མ་འདི་ཉིད་ཡར་ངོས་ཟླ་བཞིན་འཕེལ་དགོས་སོགས་སྨོན་ལམ་ནན་ཏན་བྱས།ངས་ཀུ་རེའི་ཚུལ་དུ་ཁོང་མོ་ལ་ས་ཆ་གང་ནས་འདྲ་པར་ལེན་པ་ནི་ལང་ཚོའི་གསོན་གཅིག་དང་ཡང་ན་ལོ་རྒྱུས་ལྗིད་པོ་ཡིན་ཞེས་ངེད་གཉིས་ཀྱིས་འདྲ་པར་བླངས། དེ་ནས་ཕྱིར་སྲང་ལམ་ཙམ་བརྒྱུད་ནས་དཔེ་ཁང་ནང་དུ་དེབ་གསར་རེ་ཡོད་མེད་ལྟ་རུ་བྱིན། དཔེ་ཁང་ནང་དུ་དེབ་གསར་འབྱོར་མེད་པས་ངེད་གཉིས་ཀྱིས་དེབ་རྙིང་རེ་ཉོས་ཏེ་ཕྱིར་ཡོང་།

        ནུབ་དེར་ང་སྔར་བཞིན་འདོད་ལྷ་བཞིན་ཁོང་མོ་ལ་རོལ་འདོད་གཏིང་ནས་སྐྱེས། ཁོང་མོ་འགྱུར་ལྡོག་སྤུ་ཙམ་མེད་པར་སྔར་བཞིན་འགྱིང་འདུག ངའི་ཁོང་མོ་ལ་ཁྱེད་ཉིད་ང་ལ་མི་དགའ་འམ་ཡང་ན་ངའི་ཁྱེད་ཉིད་དྲན་པའི་འདུ་ཤེས་འདམ་བཟོས་ཡིན་ནམ།ང་རང་དྲག་ཏུ་ཁྲོས་བའི་ནང་ངའི་གསལ་བོ་ཤེས་སོང་། ཁྱེད་ཉིད་ང་ལ་ཡིད་ཆེས་མེད་ད་དུངས་དུངས་ཞེས་སྐད་ཆ་གང་མང་སྨྲས། ཁོང་མོ་ཡིད་སྐྱོ་བའི་ནང་ངའི་ཡོད་ཚད་ཁྱེད་ལ་དབང་།ཡིན་ནའང་ད་སྐབས་ངེད་གཉིས་ཀྱི་འདིར་བྱེད་ན་སྙིང་བོ་ཡོད་དམ། རང་ཉིད་ཀྱིས་ཕྱིར་ལན་ཅི་ཡང་ལབ་རྒྱུ་མེད་པར་ཧད་བསྡད། ཁྱོས་ལབ་རྒྱུ་བདེན་འདུག ཡིན་ནའང་ནམ་ཞིག་ཁྱེད་ཀྱི་ལང་ཚོའི་མེ་ཏོག་ངས་བཅོམ།

        ཕྱིར་ཉིན་རང་ཉིད་ཕ་མའི་སློབ་གྲྭ་བསྐྱལ་བ་བཞིན་ཁོང་མོ་ངའི་ཚོར་མེེད་ནང་རླངས་འཁོར་གླ་ཆ་སྤྲད་ནས་རང་ཕ་ཡུལ་དུ་འགྲོ་བ་ལ་སྐྱོ་གདུང་བཟོད་ཐབས་མེད་འདུག འཛོམས་ནས་གྱེས་པ་འཇིག་རྟེན་གྱི་ཆོས་ཉིད་གཅིག ངེད་གཉིས་ཁ་ཐག་རིང་ཡང་སེམས་འདུན་ནམ་ཡང་མཉམ་དུ་ཡོད་ཞེས་ང་རང་རླངས་འཁོར་ནང་དུ་འགྲོ་སྐབས་ཁོང་མོས་ང་ལ་བརྩེ་བའི་མིག་ཆུ་མང་པོ་རྗེས་སུ་གཏོར་ནས་ཕྱིར་ལོག་སོང་།


རྩོམ་ཡིག་རྗེས་མ།
ཨོལ་རིས་ཀཱ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1