2020ལོར་ཚོང་རས་རིན་གོང་ཐག་གཅོད་པའི་ནང་རྐྱེན་ཕལ་ཆེར་འཐུས་ཚང་དུ་གཏོང་ཐུབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་རིན་གོང་ནང་རྐྱེན་ཁྱོན་ཡོངས་ནས་བཅོས་བསྒྱུར་བྱེད་པའི་བསམ་འཆར་བཏོན་ཏེ། མ་འོངས་པའི་ལོ་གསུམ་ནང་གི་རིན་གོང་ནང་རྐྱེན་བཅོས་བསྒྱུར་ལ་ཇུས་འགོད་ཆ་ཚང་དང་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། མ་འོངས་པར་སྒེར་སྡེམ་ལས་རིགས་དང་སྤྱི་སྤྱོད་ལས་དོན།  སྤྱི་པའི་ཞབས་ཞུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཞིང་ལས།  ཁེ་ལས་དང་འབྲེལ་བའི་དངུལ་སྡུད། ཚོང་རའི་རིན་གོང་ལྟ་སྐུལ། དམངས་འཚོ་ཁག་ཐེག་སོགས་ཕྱོགས་བདུན་གཙིགས་སུ་བཟུང་ནས། ཚོང་རས་རིན་གོང་ཐག་གཅོད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། 2020ལོར་སླེབས་དུས་ཚོང་རས་རིན་གོང་ཐག་གཅོད་པའི་ནང་རྐྱེན་ཕལ་ཆེར་འཐུས་ཚང་དུ་བཏང་ནས། "ཆོག་འཐུས་མ་གནས+ཚད་མཐུན་ཡོང་འབབ"ལྟེ་གནས་ཡིན་པའི་སྲིད་གཞུང་གིས་རིན་གོང་ཐག་གཅོད་པའི་ལམ་ལུགས་ཕལ་ཆེར་འཛུགས་ཐུབ།

        པེ་ཅིན་འགྲིམ་འགྲུལ་སློབ་ཆེན་ཚོང་གཉེར་སློབ་གླིང་གི་སློབ་དཔོན་ཆེན་མོ་ཀྲའོ་ཅན་གྱིས་བསྟན་དོན། ལྟོས་བཅས་ཀྱིས་དཀའ་ཚེགས་ཆེ་བའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་སྨན་བཅོས་ཞབས་ཞུ་སོགས་ཁྱབ་ཁོངས་སུ་རིན་གོང་བཅོས་བསྒྱུར་གྱི་དུས་མཉམ་དུ་ད་དུང་སྒྲིག་སྲོལ་བཅོས་བསྒྱུར་ཡང་སྤེལ་དགོས།  རྗེས་སུ་གནད་ཆེ་ས་ནི་སྲིད་ཇུས་དངོས་འབེབས་བྱས་མིན་གྱི་གནས་ཚུལ་ངོ་མར་བལྟ་དགོས། དཔེར་ན་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་ལྕགས་ལམ་དངོས་སྐྱེལ་རིན་གོང་དང་། དེ་མིན་གྲོང་ཁྱེར་གྱི་རླངས་འཁོར་བཞག་པའི་དངུལ་སྡུད་སོགས་ཁྱབ་ཁོངས་སུ་མ་འོངས་པའི་ཁ་ཕྱོགས་ནི་རིམ་བཞིན་ལྕགས་ལམ་སྐྱེལ་འདྲེན་གྱི་འགྲན་རྩོད་རང་བཞིན་ཁྱབ་ཁོངས་ཀྱི་རིན་གོང་ལྷོད་པོར་གཏོང་བ་དང་། ཚོང་གཉེར་པ་རང་གིས་རིན་གོང་ཐག་གཅོད་པའི་ཁྱབ་ཁོངས་ཇེ་ཆེར་གཏོང་དགོས་པ་དེ་རེད།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1