ཀེ་རི་སེར་གྲང་ངར་ཆེ་བའི་གནམ་གཤིས་ངན་པ་བསྟན་པས་མི་3རྐྱེན་ལམ་དུ་ཤོར་ཡོད་པ་རེད་།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 01-08


     ཀེ་རི་སེའི་མེ་ཟོན་མེ་གསོད་སྡེ་ཚན་གྱིས་ཚེས་6ཉིན་གྲང་ངར་ཆེ་བའི་གནམ་གཤིས་ངན་པ་བསྟན་པས་ཀེ་རི་སེར་མི་3རྐྱེན་ལམ་དུ་ཤོར་ཡོད་ཅེས་བསྟན། ལོ་གསར་འགོ་ཚུགས་པ་ནས་གྲང་ངར་ཆེ་བའི་གནམ་གཤིས་བསྟན་པས་ཀེ་རི་སེ་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་རླུང་ཆེན་ལྡང་བ་དང་དྲོད་ཚད་ཆག་པ།  གངས་མ་ཆར་འབབ་པའི་གནམ་གཤིས་སོགས་བསྟན་པས། དབུས་རྒྱུད་ས་ཁུལ་དང་བྱང་ཕྱོགས་ས་ཁུལ་གྱི་དྲོད་ཚད་ཆག་སྟེ་ཀླད་ཀོར་མན་ལ་སླེབས་ནས་ཁ་བ་ཆེན་པོ་འབབ་པའི་གནམ་གཤིས་བསྟན་ཡོད། ས་ཁུལ་ཁ་ཤས་ཀྱི་འགྲོ་ལམ་འགག་པ་དང་དུས་གཏན་གནམ་གྲུ་རྒྱ་ཁྱོན་ཆེན་པོས་དུས་འགྱངས་དང་། གྲུ་ཐོག་སྐྱེལ་འདྲེན་བཅས་མཚམས་བཞག་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1