ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར་རང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་སྒང་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


        ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་། ཏང་ནང་གི་ཆབ་སྲིད་འཚོ་བའི་སྤུས་ཚད་མཐོ་རུ་འདེགས་རྒྱུ་ནི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དོན་ཐོག་ཏུ་འཁྱོལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་བའི་གནད་འཛིན་ས་གཙོ་བོའང་ཡིན། མིག་སྔར། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོར་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ཡོང་བར་ཇེ་ཞིབ་དང་བྱེ་བྲག་པའི་ཐད་རྩལ་འདོན་བཞིན་ཡོད་ཅིང་། ས་གནས་དེ་གའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཁ་པར་གྱི་སྦྲེལ་སྣེ་དང་ལམ་ལུགས་འདོན་པ། ཚད་གཞི་འཇོག་པ་སོགས་བྱེད་ཐབས་བརྒྱུད་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་ཆབ་སྲིད་རྨང་གཞི་བསྐྲུན།

        ཟི་ལིང་གྲོང་ཁྱེར་གྱིས་མཚམས་མ་ཆད་པར་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་བཏང་།

        ཟི་ལིང་གྲོང་ཁྱེར་ཨུ་ལྷན་གྱིས"ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་གཏད་ཐག་ཆོད་དང་བློ་ཐག་རྦད་ཆོད་ཀྱིས་བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་གཅིག་གྱུར་རྒྱུན་འཁྱོངས་ཐག་ཆོད་བྱེད་རྒྱུ"ཐག་བཅད་པར་མ་ཟད། 《"ཐག་ཆོད་གཉིས"བྱེ་བྲག་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་གྲོས་ཆོད》གཏན་ལ་ཕབ་ནས། ཁྱབ་ཁོངས་བགོ་བ་དང་ལས་རིགས་བགོས་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས"ཐག་ཆོད་གཉིས"ཀྱི་བྱེ་བྲག་ཅན་གྱི་ཚད་གཞི་ལག་བསྟར་འཐུས་ཚང་དང་། བྱེད་ཐབས་གཏན་ཁེལ་དོན་ཐོག་ཏུ་འཁྱོལ་བ་བརྒྱུད་དེ། "རྩིས་ཁྲ་གསུམ"སོགས་ཀྱི་རྣམ་པ་བཙུགས་ཏེ་རྒྱ་ཆེའི་ཏང་ཡོན་གྱིས་ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་གླེང་བར་སློབ་སྟོན་སྣེ་ཁྲིད་དང་། "ཐག་ཆོད་གཉིས"ཀྱི་བསམ་བློའི་བྱེད་ཕྱོགས་དང་ཆབ་སྲིད་ཀྱི་སྒྲིག་ལམ། རྩ་འཛུགས་ཀྱི་རྩ་དོན། ལག་ལེན་བཅས་ཀྱི་ཚད་གཞིར་བཟུང་ནས། བསམ་བློའི་འགུལ་སྐྱོད་ཀྱི་ཐད་ནས་ཞི་ཅིན་ཕིན་གྱི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དོན་ཐོག་ཏུ་འཁྱོལ་དགོས། གྲོང་ཁྱེར་ཨུ་ལྷན་གྱིས་སྣེ་ཁྲིད་དེ་ཞི་ཅིན་ཕིན་གྱི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་དཔེ་ཀློག་འཛིན་གྲྭ་དང་དུས་མགོའི་གསབ་སྦྱོང་འཛིན་གྲྭ་ཐེངས་གསུམ་ལ་བསྡུས་ཤིང་། གཅིག་བསྡུས་ཀྱིས་སློབ་ཁྲིད་ལ་ཉན་པ་དང་བཞུགས་མོལ་བརྗེ་རེས་བྱེད་པ། སློབ་གཉེར་པའི་སློབ་ཁང་། སྲིད་གླེང་བརྙན་རིས་ལ་བལྟ་བ་སོགས་ཀྱི་བྱེད་ཐབས་ལག་ཏུ་བསྟར་ལ། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་ཆ་ཚང་ལ་ཟབ་སྦྱོང་བྱས་ཏེ་སློབ་མ800ཡིས་སློབ་སྦྱོང་བརྗེ་རེས་བྱས་པའི་རྒྱུ་ཆར་རིམ་པ་བཞིན་ཞིབ་བཤེར་དང་དེབ་ཏུ་བཟོས་ནས་གཞི་རིམ་གྱི་སློབ་སྦྱོང་ལ་མཁོ་སྤྲོད་བཏང་། དྲ་རྒྱ་སྟབས་བདེ་བ་དང་ཁྱབ་སྤེལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བགྱིས་ཏེ། "དད་སེམས་ཀྱི་སྟོབས་ཤུགས"ཞེས་པའི་ཏང་ཡོན་གྱི་སློབ་སྦྱོང་གི་ཁ་པར་སྦྲེལ་སྣེ་གསར་སྤེལ་དང་རྩ་འཛུགས་འཚོ་བ་དང་དྲ་རྒྱའི་སློབ་སྦྱོང་། ཏང་འཛུགས་རྒྱུ་འཕྲིན་སོགས་བཟོས་པར་མ་ཟད། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་མ་ལག་གི་སྒོ་ཕྱེ་ནས་དྲ་ཐོག་སློབ་སྦྱོང་དང་རྒྱུགས་ལན་འདེབས་པ་སོགས་བྱེད་སྒོ་སྤེལ་ནས་མི་སུ་ཡིན་ཞུགས་ཆོག་པའི་མཁའ་དབུགས་ལེགས་པོ་བསྐྲུན། མིག་སྔར་ཁ་པར་སྦྲེལ་སྣེ་ཐོ་བཀོད་པའི་མི་གྲངས་དུང་ཕྱུར་གཉིས་བྱེ་བ་གཉིས་ས་ཡ་གཉིས་འབུམ་དགུར་སླེབས་པ་དང་ཉིན་རེར་ཆ་སྙོམས་ཀྱིས་སློབ་སྦྱོང་ལ་ཞུགས་ཚད་ཁྲི་ཚོ་ལྔ་ཡན་དང་སེམས་ཚོར་བརྗོད་མཁན་འབུམ་གཅིག རྒྱུགས་ལན་འདེབས་མཁན་མི་ཁྲི་བཞི་ཙམ་ལ་སོན།

        ཟི་ལིང་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ལས་མགོ་ཁྲིད་ཀྱིས་ལྟ་རྟོག་དང་ལེན་ནི་རོགས་འདེགས་ཡིན་པ་བྱས་ཏེ་དངོས་དོན་གཉེར་བའི་སྤྱོད་སྟངས་བཙུགས།"གནད་འགག་ཉུང་ཕྱོགས"ཀྱིས"མང་ཕྱོགས"འཁྲིད་པར་སྐུལ་འདེད་བཏང་སྟེ་ལྟ་རྟོག་དགེ་མཚན་ལེགས་པར་བཏོན་ཏེ་རྒྱུན་ཨུའི་མགོ་ཁྲིད་ཀྱིས"ཐག་ཆོད་གཉིས"ཀྱི་བྱེ་བྲག་ཅན་གྱི་ཚད་གཞི་ཕྱིར་འདོན་དོན་འཁྱོལ་དང"ཐག་ཆོད་གཉིས"ཀྱི་བྱེ་བྲག་ཅན་གྱི2018ལོའི་བྱེད་སྒོའི་རྩིས་ཁྲར་སྐུལ་འདེད་མ་བཏང་སྔོན། ཆེད་དུ་རྒྱུན་ལས་བློ་མཐུན་སོ་སོའི་བསམ་འཆར་གྲོས་གཞི་བསྡུ་ལེན་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་དངོས་འབེབས། བྱེ་བྲག་གི་བྱ་བའི་སྤྱི་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་བར་མ་ཟད། "བློ་དཀར་སེམས་དཀར་གྱིས་གྲོང་ཁྱེར་ཧྲིལ་བོའི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་ལྟ་རྟོག་དང་ལེན་བྱེད་པའི"དམ་བཅའ་གཟབ་ནན་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས"ཐག་ཆོད་གཉིས"ཀྱི་བྱེ་བྲག་ཅན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་མཐོར་འདེགས་བཏང་།

        ཟི་ལིང་གྲོང་ཁྱེར་སྲིད་གཞུང་མ་ལག་གིས"གོང་རིམ་གྱི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་དངོས་འབེབས་ཚད་ལ་མི་ལོངས་པ་དང་གཙོ་གནད་བྱ་བར་སྐུལ་འདེད་མི་འདང་བ། མཁྲེགས་གཏོར་དཀའ་སེལ་གྱི་ངར་སེམས་མི་འདང་བ། བྱ་བའི་སྤྱོད་སྟངས་བརྟན་པོ་མིན་པའི"ཕྱོགས་བཞིའི་འབུར་ཐོན་གནད་དོན་བཅུ་གཙོ་གནད་དུ་བཟུང་ནས། ཟླ༥བའི་ཟླ་སྨད་ནས་མགོ་བརྩམས་ཤིང་ཟླ༨པའི་ཟླ་མཇུག་ལ་མཇུག་སྒྲིལ་བའི་སྐུལ་སློང་མགོ་རྩོམ་དང་གཅིག་བསྡུས་ལེགས་བཅོས། ཕྱོགས་སྡོམ་མཐོར་འདེགས་ཀྱི་དུས་མཚམས་གསུམ་དུ་བགོས་ནས་ཉིན༡༠༠རིང་ཆེད་དོན་ལེགས་སྒྲིག་བྱ་བ་སྤེལ་བ་དང་། དངོས་འབེབས་མི་བྱེད་མཁན་ལ་མིག་གིས་འཚོ་བ་དང་དངོས་འབེབས་མི་བྱེད་པའི་བྱ་བ་འཛིན་པ་བརྒྱུད་དེ་འབུར་དུ་ཐོན་པའི་གནད་དོན་མངོན་གསལ་དེ"ཐག་ཆོད་གཉིས"ཀྱི་བྱེ་བྲག་ཅན་གྱི་དུས་མཚམས་རང་བཞིན་གྱི་གནད་དོན་རྩིས་ཁྲ་དང་ལེགས་སྒྲིག་རྩིས་ཁྲར་བཅུག་སྟེ། འཁོར་ཐེངས་མང་བའི་རེས་བསྐོར་བའི་འབུད་བཤེར་དང་གཅིག་བསྡུས་ལེགས་སྒྲིག་བྱས་ནས་སྤྱོད་སྟངས་ཐལ་ཆེ་བར་ལེགས་སྒྲིག་ལ་གཞོལ་བ་དང་སྲིད་འཛིན་ཕན་ནུས་མཐོར་འདེགས་ལ་གཞོལ་བ། གྲོང་ཁྱེར་ཧྲིལ་བོའི་སྲིད་གཞུང་མ་ལག་གི་སྤྱོད་སྟངས་ཀྱི་འགྱུར་ལྡོག་ཆེན་པོར་སྐུལ་སྤེལ་གཏོང་བ། འབུད་ཐོན་གནད་དོན་སྣ་ཚོགས་ཐག་གཅོད་ལ་སྐུལ་འདེད། གཙོ་གནད་བྱ་བའི་དངོས་འབེབས་བགྱིས་ཏེ། ལྗང་མདོག་འཕེལ་རྒྱས་མ་དཔེའི་གྲོང་ཁྱེར་སྐྲུན་ཚད་ཇེ་མགྱོགས་དང་དུས་སྐབས་གསར་བའི་བདེ་སྐྱིད་འཛུགས་པར་འགན་སྲུང་བརྟན་པོ་བསྩལ།

        མཚོ་ཤར་གྲོང་ཁྱེར་གྱིས་ཏང་གི་རྩ་འཛུགས་འཚོ་བ་གཟབ་ནན་ཚད་ལྡན་དུ་གཏོང་བའི་གྲོས་འཆར་འགའ་ཞིག་བཏོན།

        ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། "སློབ་གཉིས་སྒྲུབ་གཅིག"གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ལ་ཕན་འབྲས་ཡུན་རིང་དུ་འཐོབ་ཆེད། མཚོ་ཤར་གྲོང་ཁྱེར་གྱིས《ཏང་གི་རྩ་འཛུགས་འཚོ་བ་གཟབ་ནན་ཚད་ལྡན་དུ་གཏོང་ཐབས་སྐོར་གྱི་གྲོས་འཆར་འགའ་ཞིག》ཅེས་པ་བཏོན་ཞིང་། "ཚོགས་གསུམ་ཐུན་གཅིག"དང་དམངས་གཙོའི་འཚོ་བའི་ཚོགས་འདུ། རྩ་འཛུགས་འཚོ་བའི་ཚོགས་འདུ། སེམས་གཏམ་མོལ་གླེང་། དམངས་གཙོའི་དཔྱད་བསྡུར། རེ་འདོད་སྙན་ཞུ་སོགས་ལམ་ལུགས་ལྔ་ཡི་ཕྱོགས་སོ་གཉིས་ཀྱི་བྱེ་བྲག་ནང་དོན་ཇེ་ཞིབ་ཏུ་བཏང་སྟེ། ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ཚད་ལྡན་དང་ཏང་གི་རྩ་འཛུགས་འཚོ་བར་གསོན་ཤུགས་བསྣན།

        《ཏང་སྲོལ》གྱི་གཏན་འབེབས་གཞིར་བཟུང་ནས"ཚོགས་གསུམ་ཐུན་གཅིག"གྱི་ཚོགས་འདུའི་དུས་ཚོད་དང་ཚོགས་འདུའི་གྲ་སྒྲིག  ནང་དོན་སོགས་ཀྱི་ཕྱོགས་ནས་གཏན་འབེབས་གཟབ་ནན་བགྱིས་ཏེ་ཏང་གི་རྩ་འཛུགས་འཚོ་བའི་ཕལ་བའི་རང་བཞིན་དང་རང་འདོད་རང་བཞིན། ཆོ་མེད་རང་བཞིན་ནུས་ཤུགས་གང་ཡོད་ཀྱིས་ཐག་བཅད།

        《རྫོང་རིམ་པའི་ཡན་གྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་དམངས་གཙོ་འཚོ་བའི་ཚོགས་འདུའི་གཏན་འབེབས་འགའ་ཞིག》དང《གནས་བབ་གསར་བའི་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག》ཅེས་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། སློབ་སྦྱོང་སློབ་གསོ་སྤེལ་བ་དང་འབུར་ཐོན་གནད་དོན་འཚོལ་བ། ཞིབ་བཤེར་རྒྱུ་ཆ་ཞིབ་བསྡུར་མ་འབྲི་བ། སྐྱོན་བརྗོད་དང་ལྷག་ཏུ་རང་ཉིད་སྐྱོན་བརྗོད་བྱེད་པ། ལྟ་རྟོག་མཛུབ་སྟོན་ལ་ཤུགས་སྣོན་པ། དག་ཐེར་དང་ལེགས་བཅོས་དངོས་འབེབས་གནད་དུ་འཛིན་པ་སོགས་ཕྱོགས་དྲུག་ནས་བླང་བྱ་གསལ་བོར་བཏོན། རྣམ་གྲངས་ཅན་གྱི་དག་ཐེར་དང་ལེགས་བཅོས་སྤེལ་ཏེ་དག་ཐེར་ལེགས་བཅོས་ཀྱི་དམིགས་ཚད་དང་བྱེད་ཐབས། འགན་འཁྲི། དུས་ཚད་གསལ་བོར་བསྒྲུབས་ཤིང་དག་ཐེར་ལེགས་བཅོས་དངོས་འབེབས་ཚད་ལ་ལོངས་པ་བགྱིས་ནས་ངེས་པ་དོན་གྱིས་ཏང་གཟབ་ནན་གྱིས་སྐྱོང་བ་ལག་ལེན་དངོས་ལ་བསྟར་དགོས། སེམས་གཏམ་གླེང་མོལ་གི་དུས་མཚམས་དང་བྱེད་ཐབས་གཏན་ལ་ཕབ་ནས་གནད་དོན་ཁྱེར་ནས་གཏམ་གླེང་བ་དང"གསུམ་ངེས་པར་དུ་གླེང་བ"དོན་ཐོག་ཏུ་འཁྱོལ། དམངས་གཙོའི་དཔྱད་བསྡུར་ལམ་ལུགས་ཀྱི་དུས་མཚམས་གསལ་བོར་བཏང་ནས་ཏང་ཀྲི་པུའུ་ཡིས་བཞུགས་མོལ་ཚོགས་འདུ་དང་འཚམས་འདྲི་བྱེད་པ། དམངས་འདུན་དཔྱད་འཇོག་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཏང་ཡོན་གྱི"ཚད་ལྡན་བཞིའི"ཚད་གཞི་ཞིབ་བསྡུར་དང་རིམ་པ་བཞིར་བགར་ནས་ཏང་ཡོན་ལ་དཔྱད་མོལ་བྱེད་དགོས། བྱ་དགའ་དང་ཆད་གཅོད་ཟུང་འབྲེལ་སྒོ་ནས་ཕུལ་བྱུང་དུ་བདམས་ན་བསྟོད་བསྔགས་དང་ཚད་ལོངས་པར་བདམས་ན་གྲུབ་འབྲས་ལ་གདེང་འཇོག་དང་བླང་བྱ་འདོན་པ། ཚད་གཞིར་མ་ལོངས་པར་བདམས་ན་དག་ཐེར་དང་ལེགས་བཅོས་ཀྱི་འགན་འཁྲི་དངོས་འབེབས་བྱེད་དགོས། ཏང་ཡོན་གྱི་སློབ་སྦྱོང་དང་བསམ་བློ། བྱ་བའི་གནས་ཚུལ། དེ་བཞིན་ཕྱོགས་ཐོན་དང་ཁྱིམ་ཚང་གི་གཉེན་དོན་དང་གཤིན་པོ་དུར་སྐྱེལ་སོགས་དོན་ཚན་ཆེ་ཁག་ཡིག་ངོས་ཀྱི་རྣམ་པས་ཏང་རྩ་འཛུགས་ལ་རང་འགུལ་གྱིས་སྙན་ཞུ་འབུལ་དགོས་པ་དང་། ཁྱད་པར་དུ་ཏང་ཡོན་ལས་བྱེད་མགོ་ཁྲིད་ཀྱི་མི་སྒེར་དོན་ཚན་སྙན་ཞུ་ཇི་བཞིན་དུ་སྐོང་བ་དང་སྙན་ཞུ་ངོ་མ་འབུལ་དགོས།

        《གྲོས་འཆར》དངོས་འབེབས་ཕན་ནུས་ལྡན་པ་ཡོང་བར་སྐུལ་འདེད་གཏོང་ཆེད་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྩ་འཛུགས་སྡེ་ཁག་གིས《ཏང་ཡོན་གྱི་ཏང་གི་རྩ་འཛུགས་འཚོ་བའི་ཐོ་ཡིག》ཅེས་པ་གཏན་ལ་ཕབ་ནས། "ཚོགས་གསུམ་ཐུན་གཅིག"དང་དམངས་གཙོའི་འཚོ་བའི་ཚོགས་འདུ། རྩ་འཛུགས་འཚོ་བའི་ཚོགས་འདུ། སེམས་གཏམ་གླེང་མོལ། དམངས་གཙོའི་དཔྱད་བསྡུར། དགོངས་སྐོར་སྙན་ཞུ། རྒྱང་བསྟེན་སློབ་གསོ། ཏང་ཡོན་བསམ་བློ་སྙན་སེང་ཞུ་བ་སོགས་ནང་དོན་བཅུ་གཉིས་ལ་རྗེས་ཤུལ་ཅན་གྱི་དོ་དམ་ལག་ཏུ་བསྟར་ཏེ། ཉིན་རྒྱུན་གྱི་ལྟ་རྟོག་སྐུལ་འདེད་ལ་ཤུགས་སྣོན་དང་དུས་ཡུན་གཏན་ཁེལ་ལྟར་བརྡ་གཏོང་དབྱེ་ཞིབ་བྱས་ནས《གྲོས་འཆར》རྒྱུན་རྣམ་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་དུ་གྱུར་ཏེ་ཏང་གི་རྩ་འཛུགས་འཚོ་བའི་ཕན་ནུས་ལྡན་པའི་གནད་འཛིན་སར་གཏོང་བར་འགན་སྲུང་བྱས།

        མཚོ་ནུབ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་ནང་གི་ཆབ་སྲིད་འཚོ་བར་ཚད་གཞི་གཏན་ཁེལ་བྱས།

        ཐེམ་ཆེན་རྫོང་ཨུའི་རྩ་འཛུགས་སྡེ་ཁག་གིས་དངོས་ཡོད་ཞིབ་འཇུག་གཞིར་བཟུང་ནས《ཐེམ་ཆེན་རྫོང་གི་ཏང་ནང་གི་རྩ་འཛུགས་འཚོ་བ་གཟབ་ནན་དུ་བསྒྱུར་བའི་གཏན་འབེབས་བཅུ》(ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་འཛུགས་བྱ་བའི་ལམ་ལུགས་དང"ཚོགས་གསུམ་ཐུན་གཅིག"ལམ་ལུགས། "བརྗོད་གཞིའི་ཏང་གི་ཉིན་མོའི"ལམ་ལུགས། དམངས་གཙོའི་འཚོ་བའི་ཚོགས་འདུའི་ལམ་ལུགས། རྩ་འཛུགས་འཚོ་བའི་ཚོགས་འདུའི་ལམ་ལུགས། སེམས་གཏམ་གླེང་མོལ་ལམ་ལུགས། དམངས་གཙོའི་དཔྱད་བསྡུར་ཏང་ཡོན་ལམ་ལུགས། ཏང་ནང་ཆབ་སྲིད་འཚོ་བའི་སྒྲིག་ལམ་ལམ་ལུགས། ཏང་ནང་དམངས་གཙོའི་ཇུས་ཆོད་ལམ་ལུགས། ཏང་རྩ་འཛུགས་འཚོ་བའི་ཤུལ་རྗེས་ཅན་གྱི་དོ་དམ་ལམ་ལུགས་གཟབ་ནན་གྱིས་དངོས་འབེབས་བྱེད་པ།)ཞེས་པ་དཔར་ཞིང་བཀྲམས་པར་མ་ཟད། ཞིང་སྡེའི་ཏང་ཀྲི་པུའུ་སོ་སོར་བོད་ཡིག་པར་མའི《ཐེམ་ཆེན་རྫོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་འཛུགས་བྱ་བ་ཚད་ལྡན་ཅན་དུ་གཏོང་བའི་རྨང་གཞིའི་རྩིས་ཐོ》དཔར་ཞིང་བཀྲམས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ནང་ཆབ་སྲིད་འཚོ་བ་གཟབ་ནན་དང་སྒམ་བརླིང་། ཟིན་ཐོ་ལྡན་པ། རྗེས་ཤུལ་འཇོག་ཐུབ་པར་འགན་སྲུང་བྱས། ཟླ4པའི་ཚེས17ཉིན། ཐེམ་ཆེན་རྫོང་ཅོང་ཆུ་གྲོང་རྡལ་འབྲུག་དོང་སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་ཡོན་ཡོངས་རྩ་འཛུགས་བྱས་ཏེ་ཏང་སྲོལ་སློབ་སྦྱོང་གི་རྩ་འཛུགས་འཚོ་བའི་ཚོགས་འདུ་བསྡུས་པར་མ་ཟད་ཏང་ཡོན་ཡོངས་ལ་བོད་ཡིག་པར་མའི་ཏང་སྲོལ་བཀྲམས། ཏང་ཀྲི་པུའུ་ཧྲུའུ་ཅི་ཐུབ་འཛིན་རྡོ་རྗེས་ཚོགས་འདུར་མགོ་འཛིན་བྱས་ཤིང་འབྲོག་དམངས་ཏང་ཡོན་ཡོངས་ཀྱི་སྣེ་ཁྲིད་དེ་ཏང་སྲོལ་སློབ་སྦྱོང་བྱས་ཤིང་། དེའི་ཞོར་དུ། འབྲོག་དམངས་ཏང་ཡོན་གྱིས་ཏང་སྲོལ་ལ་སློབ་སྦྱོང་བྱས་པའི་རང་གི་ཚོར་བ་དང་མྱོང་བ་བརྗོད། འབྲོག་དམངས་ཏང་ཡོན་དཔལ་སྐྱབས་ཀྱིས་རང་ཁྱིམ་དུ་མི་ལོ་ལྔ་བཅུར་ཉར་ཚགས་བྱས་པའི་དར་དམར་ཆུང་ངུ་ཡུག་གཅིག་བསྟན་ཞིང་དེའི་སྟེང"ང་ཚོའི་ཏང་ནི་རླབས་ཆེན་གྱི་ཏང་ཞིག་དང་གཟི་བརྗིད་ཀྱི་ཏང་ཞིག ཡང་དག་པའི་ཏང་ཞིག་ཡིན"ཞེས་དཔར་ཡོད། ཁོ་ན་རེ། "དར་དམར་སྟེང་གི་ཚིག་དུམ་འདི་ནི་མི་ལོ་ལྔ་བཅུའི་ཡར་སྔོན་དུ་བྲིས་པ་རེད། ང་ཚོའི་ཏང་གིས་ལག་ལེན་དངོས་ཀྱིས་ཚིག་འདིར་བདེན་དཔང་བྱས་འདུག ལྷག་པར་དུ་ཉེ་བའི་ལོ་འགའི་ཚུན་དུ། ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཏང་དང་སྲིད་གཞུང་གིས་ང་ཚོར་ཁང་བ་འདི་འདྲའི་བཟང་པོ་བསྐྲུན་པ་དང་ང་ཚོར་འཚོ་བའི་ཆ་རྐྱེན་འདི་འདྲའི་བཟང་པོ་མཁོ་སྤྲོད་བྱས་ཡོད། འབྲོག་དམངས་མང་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ལ་ཏང་དང་རྒྱལ་ཁབ་ཀྱི་བླ་མེད་བཀའ་དྲིན་ཡིད་ལ་འཛིན་ཞིང་། ང་ཚོ་རང་གི་ཏང་དང་མེས་རྒྱལ་ལ་དགའ་ཞིང་མོས། "      བསམ་གྲུབ་ཀྱིས་བསྒྱུར།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1