གཉིད་མི་འདང་བའི་མི་ལ་སེམས་ཁྲལ་དང་ཡིད་མུག་འབྱུང་སླ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


        ཨ་རིའི་སློབ་ཆེན་ཞིག་གི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། གཉིད་ཡུན་མི་འདང་བའི་མི་ནི་སྒྱིད་ལུག་གི་ཁྲོད་དུ་བྱིངས་པ་དང་། སེམས་ཁྲལ་དང་ཡིད་མུག་པ་སོགས་འབྱུང་སླ་བ་རེད།

        ཞིབ་འཇུག་མི་སྣས་གཉིད་མི་འདང་བའམ་གནད་དོན་ཅན་གྱི་ནད་པ་དང་བླངས་པ20བསྡུས་ནས། ཞིབ་འཇུག་མི་སྣས་ཚོད་ལྟ་ཁང་དུ་དང་བླངས་པར་འདྲ་པར་ཁ་ཤས་ལ་ལྟ་རུ་བཅུག དེའི་ཁྲོད་གྲི་དང་མེ་མདའ་སོགས་ལྡོག་ཕྱོགས་ཀྱི་འདྲ་པར་དང་།  རང་བྱུང་ཁོར་ཡུག་སོགས་དྲང་ཕྱོགས་ཀྱི་འདྲ་པར།  ད་དུང་ཁྱིམ་ཆས་སོགས་འདྲ་པར་མང་པོ་ཡོད།  མཐར་ཤེས་གསལ་བྱུང་བ་ནི་གཉིད་མི་འདང་བའི་དང་བླངས་པ་དག་གི་གཉིད་པའི་དུས་ཚོད་ཐུང་བ་དང་ཡང་ན་གཉིད་མ་ཁུགས་པ་གང་ཡིན་རུང་།  ལྡོག་ཕྱོགས་ཀྱི་འདྲ་པར་ལ་ལྟ་བའི་དུས་ཡུན་རིང་བ་དང་།  ད་དུང་ལྡོག་ཕྱོགས་ཀྱི་འདྲ་པར་ལས་བྱུང་བའི་ལྡོག་ཕྱོགས་ཀྱི་བློ་ཁ་ལས་ཐར་དཀའ།  ཞིབ་འཇུག་མི་སྣའི་བསམ་པར།  དེས་ནི་གཉིད་མི་འདང་བ་དང་ལྡོག་ཕྱོགས་ཀྱི་ཕོག་ཐུག་སྣང་མེད་དུ་གཏོང་དཀའ་བ་གཉིས་དབར་འབྲེལ་བ་ཡོད་པ་མཚོན་ཞིང་། ལྡོག་ཕྱོགས་ཀྱིས་ཐེབས་པའི་ཕོག་ཐུག་ནི་སེམས་ཁྲལ་སོགས་བློ་ཁ་འཁྲུགས་པའི་འབྱུང་རྐྱེན་གཙོ་བོ་ཞིག་ཡིན།

        ཞིབ་འཇུག་མི་སྣས་བཤད་རྒྱུར།  མིག་སྔར་གཉིད་མི་འདང་བའི་མིའི་ལྡོག་ཕྱོགས་ཀྱི་ཕོག་ཐུག་སྣང་མེད་དུ་གཏོང་དཀའ་བའི་རྒྱུ་རྐྱེན་གསལ་པོ་མི་ཤེས་མོད།  གཉིད་མ་འདང་བ་ལས་ཤེས་རྟོགས་ཐོན་ཁུངས་ཉུང་དུ་ཕྱིན་པའི་རྐྱེན་ཡིན་པར་འདོད།།

        འཇར་པན་གྱི་ཞིབ་འཇུག་གསར་པ་ཞིག་ལས་ཤེས་པ་ལྟར་ན། ཇ་ཁོ་ཁོ་ཡི་འདུས་ཚད70%ཡོད་པའི་ཁྲོག་ལེ་ཟོས་ན་ཀླད་པའི་སྐྱི་དཀར་ལ་ཕན་པ་ཡོད་པར་བཤད་ཅིང་།  དེས་ཀླད་པ་ཇེ་གསལ་དུ་གྱུར་ཏེ་སློབ་སྦྱོང་གི་ནུས་པ་མཐོར་འདེགས་གཏོང་སྲིད་པ་མཚོན།

        ཞིབ་འཇུག་ཚན་ཆུང་གིས་ལོ་ན45ནས68བར་གྱི་དང་བླངས་པ30བསྡུས་ནས་ཞིབ་འཇུག་བྱ་ཡུལ་བྱས།  དེའི་ཁྲོད་ཕོ་མོས་སོ་སོར་ཕྱེད་ཀ་རེ་ཟིན། ཞིབ་འཇུག་མི་སྣས་ཁོ་ཚོར་གཟའ་འཁོར་བཞིའི་རིང་ཉིན་རེར་ཇ་ཁོ་ཁོ་ཁྲོག་ལེ་ཁེ25(ཇ་ཁོ་ཁོའི་འདུས་ཚད70%ལས་བརྒལ་བ)ཟ་རུ་བཅུག་ཅིང་། ཁབ་ལེན་མཉམ་འགུལ་གྱི་འདྲ་ལེན་ལག་རྩལ་ལས་ཁོ་ཚོའི་ཀླད་པའི་སྐྱི་དཀར་གྱི་འགྱུར་ལྡོག་ལ་བལྟས།  ཀླད་པའི་སྐྱི་དཀར་ནང་དབང་རྩའི་ཕྲ་ཕུང་མང་པོ་ཡོད་པ་དེ་དག་སློབ་སྦྱོང་གི་ནུས་པ་དང་འབྲེལ་བ་ཡོད་ལ། ལོ་ན་ཇེ་ཆེར་སོང་བ་དང་བསྟུན་ཀླད་པའི་སྐྱི་དཀར་ཇེ་ཉུང་དུ་འགྱུར་ངེས།

        མཇུག་འབྲས་ལས་ཤེས་པ་ལྟར་ན། གཟའ་འཁོར་བཞིའི་ནང་ཇ་ཁོ་ཁོ་ཁྲོག་ལེ་ཟོས་རྗེས། ཞིབ་འཇུག་བྱ་ཡུལ་གྱི་ཀླད་པའི་སྐྱི་དཀར་ཆ་སྙོམས་ཀྱིས་ཇེ་མང་དུ་སོང་། ཞིབ་འཇུག་མི་སྣས་འགྲེལ་བཤད་བྱས་པ་ལྟར་ན།  ཀླད་པའི་སྐྱི་དཀར་གྱི་འགྱུར་ལྡོག་ལས་ཀླད་པ་ཇེ་གསལ་དུ་འགྲོ་ལ།  ཤེས་བྱ་གསར་པ་སྦྱོང་བའི་ནུས་པ་མཐོར་འདེགས་གཏོང་སྲིད་པ་མཚོན་པར་བཤད།། 


རྩོམ་ཡིག་རྗེས་མ།
2018.06

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1