“བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི”པར་རིས་འགྲེམས་སྟོན་ཆེ་མོའི་འཚོལ་བསྡུའི་དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-10



      འབད་པ་སྟོང་ཟད་ཡིན་མི་སྲིད་ལ། ཚང་མའི་རེ་བ་སྟོང་ཟད་དུ་མི་གཏོང་བ་། ཉེ་ཆར་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་ཀྲུང་གོའི་བོད་ལྗོངས་དྲ་བ་དང་། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱིས་གཉེར་རོགས་བྱས་པའི་པར་རིས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གྲུབ་འབྲས་གསར་པ་དང་།  འགྱུར་ལྡོག་གསར་པ།  རྣམ་པ་གསཪ་པར་དཔང་པོ་བྱེད་པའི“བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི”པར་རིས་འགྲེམས་སྟོན་ཆེ་མོའི་འཚོལ་བསྡུའི་དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་རེད།
     ད་རེས་ཀྱི་འཚོལ་བསྡུའི་བྱེད་སྒོར་པེ་ཅིང་དང་། ཧྲང་ཧའེ། བོད་ལྗོངས། སི་ཁྲོན། ཀོང་ཏུང་། ཅང་སུའུ་། ཧྥུ་ཅན། ཧྲན་ཏུང་། ཧུའུ་ནན་སོགས་ས་གནས་ནས་བསྐུར་བའི་པར་བརྙན་བརྩམས་ཆོས་ཁྱོན་2000ཙམ་འབྱོར་ཡོད་ལ། བརྩམས་ཆོས་དེ་ཚོའི་པར་ལེན་མཁན་གྱི་མཐོང་རྒྱ་དང་ཟུར་ཚད་མི་འདྲ་བའི་ཐོག་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། བརྗིད་ཆགས་ཡིད་དུ་འོང་བའི་མཛེས་ལྗོངས། ཕུན་སུམ་ཚོགས་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། སྲོལ་རྒྱུན་རིག་གནས་བཅས་བསྟན་ཡོད་པ་རེད།
     བྱེད་སྒོའི་བླང་བྱར་གཞིགས་ན་། གཙོ་གཉེར་ཕྱོགས་ཀྱིས་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་།  བོད་ལྗོངས་པར་རྒྱག་མཁས་ཅན་མཐུན་ཚོགས། ཀྲུང་གོ་པར་རྒྱག་མཁས་ཅན་དུས་དེབ་སོགས་ཚན་པའི་རིགས་གཅིག་མཁས་ཅན་5ལས་གྲུབ་པའི་ཞིབ་དཔྱད་ཚོགས་ཆུང་བཙུགས་ནས། འཚོལ་བསྡུ་བྱས་པའི་བརྩམས་ཆོས་ལ་དཔྱད་འདེམས་བྱས་པ་རེད། “དྲང་གཞག་དང་།  མངོན་གསལ། གཞུང་དྲང”བཅས་ཀྱི་རྩ་དོན་ལ་གཞིགས་ནས།   མཐར་བརྩམས་ཆོས་ལྔར་(ཚན་པ་)ཨང་དང་པོའི་བྱ་དགའ་ཐོབ་བ་དང་། བརྩམས་ཆོས་10ལ་(ཚན་པ་)ཨང་གཉིས་པའི་བྱ་དགའ་ཐོབ་པ་། བརྩམས་ཆོས་20ལ་(ཚན་པ་)ཨང་གསུམ་པའི་བྱ་དགའ་ཐོབ་པ་།  བརྩམས་ཆོས་25ལ་(ཚན་པ་)ཕུལ་བྱུང་བྱ་དགའ་ཐོབ་པ་རེད།

     གཤམ་གསལ་ནི་བྱ་དགའ་ཐོབ་པའི་བརྩམས་ཆོས་ཁག་གཅིག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1