ཕྱུག་འགྱུར་གྱི་ཁྱིམ་གཞིས་བསྐྲུན་ནས་གྲོང་གསེབ་དར་རྒྱས་སུ་གཏོང་བ།

ཚེ་དཔག་ལྷ་མོ་དང་ཅང་ཀུའོ་ཁྲུན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-10


ཕྱུག་འགྱུར་གྱི་འབྱོར་འབྲིང་ཁྱིམ་གཞིས་འཛུགས་སྐྲུན་བྱས།
  རྔ་བ་ཁུལ་གྱིས་ཕྱོགས་ཡོངས་ནས་མི་རིགས་ཁག་གི་མི་དམངས་ཀྱི་སྐྱིད་སྣང་ཆེ་རུ་བཏང་སྟེ། ཁུལ་ཡོངས་ཀྱི་མི་དང་རང་བྱུང་གཞི་མཐུན་ཡོང་བ་དང་། མི་དང་སྤྱི་ཚོགས་འཆམ་མཐུན། མི་དང་མིའི་འཆམ་མཐུན་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་བརྟན་ལྷིང་དང་གོ་རིམ་ལྡན་པ་ཞིག་ཏུ་འགྱུར་བ་དང་། མི་རིགས་མཐུན་སྒྲིལ་འཆམ་མཐུན་དང་། ཆོས་ལུགས་འཆམ་མཐུན་མཉམ་གནས། མི་དམངས་བདེ་ཞིང་ལས་ལ་བརྩོན་པའི་འཆམ་མཐུན་བདེ་སྐྱིད་ཀྱི་ཁྱིམ་གཞིས་དེ། གཅིག་གྱུར་གྱིས་འཆར་འགོད་དང་དབུལ་སྒྲོལ། འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་འབད་བརྩོན་བྱས་ནས་སྔར་ལས་ལེགས་པའི་སློབ་གསོ་དང་།  སྐྱིད་སྣང་སྔར་ལས་ཆེ་བའི་སྡོད་གནས་ཆ་རྐྱེན།  བློས་འགེལ་ཆོག་པའི་སྤྱི་ཚོགས་འགན་སྲུང་། ཆུ་ཚད་སྔར་ལས་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་རོང་འབྲོག་ཁུལ་གྱི་གྲོང་སྡེ་ཚང་མར་ཡོད་ལ། ལས་ཀར་ཞུགས་ཚུལ་བརྟན་པོ་ཡིན་ལ་དང་ཁྱིམ་ཚང་ཀུན་ལ་ཡོང་འབབ་མང་བའི་ཕྱུག་འགྱུར་འབྱོར་འབྲིང་ཁྱིམ་གཞིས་འཛུགས་སྐུན་བྱས།
ཕྱུག་འགྱུར་གྱི་ཁྱིམ་གཞིས་འཛུགས་སྐྲུན་དང་འབྲེལ་བའི་ཨུ་ཡོན་དང་འཐུས་མིའི་སྙིང་གཏམ།
    ཉེ་ཆར། རྔ་བ་ཁུལ་གྱི་ཚོགས་འདུ་གཉིས་ཚ་ཚ་འུར་འུར་ངང་འཚོགས་པ་ནས་འཐུས་མི་དང་ཨུ་ཡོན་ཚོས་རིམ་པ་སོ་སོ་དང་མི་རིགས་སོ་སོའི་མང་ཚོགས་ཀྱི་རེ་བ་དང་ཡིད་ཆེས་རུམ་ནས་གྲོས་བསྡུར་གང་མང་དུ་ཞུགས་ནས། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དག་རེ་རེ་བཞིན་གླེང་ལ། དེ་ལས་ཕྱུག་འགྱུར་གྱི་ཁྱིམ་གཞིས་བསྐྲུན་ནས་གྲོང་གསེབ་དར་རྒྱས་སུ་ཕྱིན་པ་ནི་ཁོ་ཚོས་གླེང་བའི་གནད་དོན་ཁག་ཅིག་རེད།
   ཕྱུག་འགྱུར་གྱི་འབྱོར་འབྲིང་ཁྱིམ་གཞིས་བསྐྲུན་ཚུལ་སྐོར་གླེང་དུས་ཆུ་ཆེན་ནས་ཡོང་བའི་ཁུལ་དམངས་འཐུས་ཀྱི་འཐུས་མི་མ་ཡུང་ཧྭ་ཡིས་གསར་འགོད་པར་བཤད་རྒྱུར། མུ་མཐུད་ངང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་གཞི་མཐུས་ཇེ་ཚང་དང་ཇེ་ལེགས་སུ་བཏང་ནས་གྲོང་གསེབ་དར་རྒྱས་སུ་གཏོང་བར་རམ་འདེགས་བྱེད་དགོས། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཡུང་གིས་ཕྱུག་འགྱུར་གྱི་ཁྱིམ་གཞིས་བསྐྲུན་ནས་གྲོང་གསེབ་དར་རྒྱས་སུ་གཏོང་བར་སྲིད་གཞུང་གིས་དར་སྤེལ་ལ་བསྟེན་ནས་སྣ་མང་རང་བཞིན་གྱི་ཐབས་ལམ་སྤྱད་ནས། མང་ཚོགས་ཧུར་བརྩོན་སྒོས་ནང་དུ་ཞུགས་སུ་བཅུག་ནས་ཐུན་མོང་སྒོས་བྱ་བཞག་གསར་གཏོད་ཐུམ་མོང་ཕྱུག་འགྱུར་ཡོང་བ་མངོན་འགྱུར་ཡོང་བ་དང་། སྔ་གཞུག་གི་གོ་རིམ་དང་རིམ་འཕར་གྱི་ཐབས་ལམ་ལྟར་དཔེ་མཚོན་གསར་གཏོད་དང་མིག་ལྟོས་ལྟ་རེས་བྱས་ན་ལེགས།
   རང་དཔེ་གཞན་སྟོན་གྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཚུལ་སྐོར་གླེང་དུས། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་བསོད་ནམས་གཡང་དྲུང་ལ་རང་ཉིད་ཀྱི་ལྟ་ཚུལ་ཡོད་དེ། ཁོས་སྲིད་གྲོས་ཨུ་ཡོན་གྱིས་ཕྱུག་འགྱུར་གྱི་ཁྱིམ་གཞིས་བསྐྲུན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྔར་བས་དོ་ཁུར་དང་སྲིད་གྲོས་ཀྱི་རང་ཐད་ནས་གནད་དོན་ཤེས་པ་དང་། རྨང་གཞིའི་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཚུལ་བཤད། དེ་ལྟར་ཨུ་ཡོན་དང་འཐུས་མིས་ཕྱུག་འགྱུར་གྱི་ཁྱིམ་གཞིས་བསྐྲུན་ནས་གྲོང་གསེབ་དར་རྒྱས་གཏོང་བར་རང་ཉིད་ཀྱི་སེམས་གཏམ་ངོ་མ་སམ་ཐབས་འདོན་ཇུས་འབུལ་བྱས།
གྲོང་གསེབ་ཕྱུག་ན་དམངས་འཚོ་སྐྱིད་ལ་ཞིང་བ་ཕྱུག་ན་རྒྱལ་ཁབ་དར།
   ཞིང་ལས་དང་གྲོང་གསེབ་ཞིང་བ་བཅས་ཀྱི་གནད་དོན་དེ་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་ལ། གྲོང་གསེབ་བརྟན་ལྷིང་བྱུང་ན། གནམ་འོག་བདེ་འཇགས་དང་ཞིང་ལས་དར་ན་རྨང་གཞི་བརྟན་པོ་ཡོང་བ་དང་། ཞིང་བ་ཕྱུག་ན་རྒྱལ་ཁབ་དར་རྒྱས་ཡོང་།
   ད་ལྟ་རྔ་བ་ཁུལ་ནི་འཕེལ་རྒྱས་དུས་རིམ་གསར་པར་གནས་ཡོད། བདེ་སྐྱིད་དང་མཛེས་སྡུག་གི་གྲོང་ཚོ་གསར་བ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་ཕྱུག་པོར་འགྱུར་བ་དང་འབྱོར་འབྲིང་ཁྱིམ་གཞིས་ཀྱི་དམིགས་འབེན་བཏོན་ཡོད། དེ་ནི་ཁུལ་ཡོངས་ཀྱི་གྲོང་གསེབ་གོང་འཕེལ་གཏོང་རྒྱུའི་དོན་དངོས་ལ་དབྱེ་ཞིབ་གཏིང་ཟབ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་བཀོལ་བ། ད་ལོར་རྔ་བ་ཁུལ་གྱི་ཐོན་ལས་དར་རྒྱས་དང་། སྣོད་བཅུད་དང་འཚམ་པ། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་པོར་འགྱུར་བའི་སྤྱིའི་དམིགས་འབེན་ལྟར། གནད་འགག་དམ་འཛིན་དང་། གནད་དུ་འཁེལ་བ། གྲོང་གསེབ་དར་རྒྱས་གཏོང་བ་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཤུགས་ཆེན་པོས་དར་སྤེལ་བཏང་ནས། ཡིད་འོང་གི་གྲོང་གསེབ་འཛུགས་སྐྲུན་བྱས་ནས་གྲོང་གསེབ་ཀྱི་རིག་གནས་འཕེལ་རྒྱས་སུ་གཏོང་བ་དང་། ལམ་སྲོལ་འཛུགས་སྐྱོང་ལ་སོགས་ལ་སྐུལ་སྤེལ་གཏོང་རྒྱུ་རེད།  ང་ཚོའི་ཕྱུག་འགྱུར་གྱི་ཁྱིམ་གཞིས་བསྐྲུན་ནས་གྲོང་གསེབ་དར་རྒྱས་སུ་ཕྱིན་པའི་བྱ་བཞག་ལ་རྒྱལ་ཁ་ལོན་པའི་ཡིད་ཆེས་བརྟན་པོ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1