ལྷོ་ཁོ་རེ་ཡས་མའོ་ཁི་ཨར་ལ་ཞི་བདེའི་བྱ་དགའ་བྱིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-19


          ལྷོ་ཁོ་རེ་ཡའི་རྒྱལ་ས་སེ་འུལ་དུ་ཞི་བདེའི་བྱ་དགའི་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གིས་ཚེས་17ཉིན་ཁྱབ་བསྒྲགས་བྱས་དོན། སེ་འུལ་ཀྱི་སྐབས་བཅུ་གཉིས་པའི་ཞི་བདེའི་བྱ་དགའ་དེ་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་བྱིན་པ་དང་། མོས་འཇར་མན་གྱི་ཚབ་བྱས་ཏེ་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཐད་ནས་ཐེངས་མང་བོར་ལྷག་བསམ་རྣམ་དག་གིས་དགོངས་དག་ཞུས་པར་གཟེངས་བསྟོད་བྱས། མའོ་ཁི་ཨར་གྱིས་ལྷོ་ཁོ་རི་ཡར་འཚམས་འདྲི་བྱེད་སྐབས་དངོས་སུ་བྱ་དགའ་ལེན་རྒྱུ་ཡིན་འདུག བྱ་སྤྱོད་དེ་ནི་གསར་འགྱུར་ལས་རིགས་ཀྱིས་ལྷོ་ཁོ་རེ་ཡས་གོ་སྐབས་དེ་དང་བསྟུན་ནས་འཇར་པན་ལ་སྐྱོན་བརྗོད་བྱེད་བཞིན་པར་བསམ་གྱིན་ཡོད།

           སེ་འུལ་གྱི་ཞི་བདེའི་བྱ་དགའ་དེ་1994ལོར་བཙུགས་པ་དང་། ཧན་ཁྲིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་བར་རྗེས་དྲན་བྱེད་པའི་ཆེད་དུ་རེད། བྱ་དགའ་དེ་ལོ་གཉིས་ཀྱི་ནང་ཐེངས་རེར་སྤེལ་བཞིན་ཡོད་པ་དང་། ད་ལྟའི་བར་བསྡོམས་པས་མི་བཅུ་གཅིག་ལ་བྱ་དགའ་ཐོབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1