ཟླ་བའི་གོ་ལའི་རྒྱབ་ངོས་ཧྲིལ་པོའི་འདྲ་པར་ཐོག་མ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-15


        གསར་འགོད་པར་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་1ཚེས་11ཉིན་གྱི་ཆུ་ཚོད་8པའི་བར། ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་གྱི་བབ་ཆས་ཟླ་བའི་གོ་ལར་བབས་ཤིང་། རི་བོང་ཨང་གཉིས་པ་རྟགས་ཅན་གྱི་སྐོར་ཞིབ་ཡོ་བྱད་དང་བར་སྦྲེལ་སྲུང་སྐར་“སྐྱ་ཟམ་”གྱི་རྣམ་པ་བརྟན་ལྷིང་ཡིན་པ་དང་། ལས་དོན་ཁག་འཆར་གཞི་ལྟར་ལག་བསྟར་བྱེད་བཞིན་ཡོད་པ་རེད།

        བབ་ཆས་སྟེང་དུ་བསྒྲིགས་པའི་ས་དབྱིབས་དང་ས་བབ་པར་ཆས་ཀྱིས་སྐོར་ལེན་ལེགས་གྲུབ་བྱུང་ཡོད། ཚན་ཞིབ་མི་སྣས་“སྐྱ་ཟམ་”བར་སྦྲེལ་སྲུང་སྐར་གྱིས་བསྐུར་བའི་གྲངས་གཞིར་གཞིགས་ནས་སྐོར་ལེན་བརྙན་པར་གསལ་པོ་བཟོས་ཡོད་པ་དང་། ཚན་ཞིབ་མི་སྣས་ཐང་བབ་པར་ཆས་ཀྱིས་པར་བླངས་པའི་བརྙན་པར་ལ་གཞིགས་ནས། ཟླ་ངོས་སུ་བབ་སའི་མཐའ་འཁོར་གྱི་ས་བབ་ཆགས་ཚུལ་ལ་ཐོག་མའི་དབྱེ་ཞིབ་བྱས་པ་ལེགས་གྲུབ་བྱུང་ཡོད་པ་རེད།

   






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1