སི་ཁྲོན་ཞིང་ཆེན་གྱི་ཧུང་ཡོན་རྩྭ་ཐང་ཆེན་པོར་ད་ལོའི་སྟོན་འགོ་ཚུགས་པ་ནས་ཁ་བ་ཐོག་མ་བབས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-19


     

         སྤྱི་ཟླ་9པའི་ཚེས་16ཉིན་གྱི་དགོང་མོར། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་ཧུང་ཡོན་རྩྭ་ཐང་ཆེན་མོར་སྟོན་འགོ་ཚུགས་པ་ནས་ཁ་བ་ཐོག་མ་དེ་མཚན་གང་བོར་བབས་ཅིང་། ས་གནས་དེ་གའི་གནམ་གཤིས་རྟོག་ཞིབ་པས། ཐེངས་འདིའི་ཆར་ཆུ་འབབ་ཚད་ཧའོ་སྨི་19.8དང་། ཁ་བའི་མཐུག་ཚད་ལ་ཧའོ་སྨི་10འདུག་ཟེར། ཁ་བ་བབས་རྗེས་ཀྱི་རྩྭ་ཐང་ནི་དཀར་གཙང་གི་དར་དཀར་ཡུགས་ཆེན་པོ་ཞིག་དང་འདྲ་བར་མཛེས་ཤིང་ལྟ་ན་སྡུག་པས། ཡུལ་སྐོར་བ་དག་གི་མིག་དབང་འཕྲོག་པར་བྱེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1