རྒྱལ་ཡོངས་བོད་རྒྱ་སྐད་གཉིས་སློབ་ཁྲིད་ཀྱི་མཐོ་རིམ་གླེང་སྟེགས་ཚོགས་འདུ་ཟི་ལིང་ནས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


                  ཀྲུང་གོའི་གྲངས་ཉུང་མི་རིགས་སློབ་གསོའི་སློབ་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོས་གཙོ་འགན་ཁུར་ནས་བསྒྲུབས་པའི་རྒྱལ་ཡོངས་བོད་རྒྱ་སྐད་གཉིས་སློབ་ཁྲིད་ཀྱི་མཐོ་རིམ་གླེང་སྟེགས་ཚོགས་འདུ་ཚེས་19ཉིན་གྱི་སྔ་དྲོར་ཟི་ལིང་ནས་འཚོགས།

                  ཐེངས་འདིའི་མཐོ་རིམ་གླེང་སྟེགས་ཁྲོད་བོད་རྒྱ་སྐད་གཉིས་སློབ་ཁྲིད་ཀྱི་ཐད་ལ་ཞིབ་བསྡུར་བྱས་ནས། བོད་རྒྱ་སྐད་གཉིས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་། བོད་ཁུལ་གྱི་རིག་གནས་སློབ་གསོའི་ལས་དོན་འཕེལ་རྒྱས་དང་གསར་སྐྲུན་བྱེད་པར་ཡར་སྐུལ་བྱེད་པ་དེ་ནི། རྒྱལ་ཁབ་ཀྱིས་བོད་ཁུལ་གྱི་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་ཡར་སྐུལ་བྱས་ནས། བོད་ཁུལ་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1