གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༩ཚེས་༢༢ཉིན།

ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་བོད་ཡིག་དཔེ་དེབ་པར་སྐྲུན་གྱི་ལས་སྒོ་ཕྱེས།

པར་དུ་བསྐྲུན་པའི་བོན་གྱི་གསོ་རིག་བསྟན་བཅོས།

               ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནི་1993ལོའི་ཟླ་6པར་དབུ་ཚུགས་ཤིང་ཀན་སུའུ་ཞིང་ཆེན་གསར་འགྱུར་པར་སྐྲུན་ཅུས་ཀྱིས་གཙོ་སྒྲུབ་བྱེད་པའི་རྒྱལ་ཡོངས་རང་བཞིན་གྱི་དཔེ་སྐྲུན་ལས་ཁུངས་ཤིག་ཡིན།   2009ལོའི་ཟླ་12པར་རྒྱལ་ཡོངས་ཀྱི་ལམ་ལུགས་བཅོས་སྒྱུར་དང་བསྟུན་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ཚད་ཡོད་སྤྱི་གཉེར་ཁང་དུ་བསྒྱུར།  ལོ་ངོ་བཅུ་ཕྲག་གི་རིང་ལ་རྒྱ་ཡིག་དང་ཡིག་རིགས་གཞན་པའི་ལམ་ནས་དཔེ་སྐྲུན་མང་པོ་བྱས།   སྤྱི་ལོ་2011ལོ་ནས་བཟུང་སྟེ་བོད་ཀྱི་དཔེ་དེབ་ཀྱི་པར་སྐྲུན་གྱི་ལས་སྒོ་འབྱེད་འགོ་ཚུགས།

པར་དུ་བསྐྲུན་པའི་བོད་ཀྱི་ཟློས་གར་འཁྲབ་གཞུང་།

               2011ལོ་ནས་ད་ལྟའི་བར་དུ་ལན་ཀྲོའུ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་འབྲུག་ཐར་སོགས་ཀྱིས་གཙོ་སྒྲིག་བྱས་པའི་བོན་གྱི་གནའ་དཔེ་ཕྱོགས་བཏུས་མདོ་ཁམས་མདའ་ཚང་ཡུལ་གྱི་གནའ་དཔེ་ཕྱོགས་བསྡུས་མཐོང་བ་དོན་ལྡན་ཞེས་པ་པོད་སུམ་ཅུའི་བདག་ཉིད་ཅན་དང་། མདོ་ཁམས་ཡུལ་གྱི་གནའ་དཔེ་ཕྱོགས་བསྡུས་མཐོང་བ་འཛུམ་བཞད་ཞེས་པ་པོད་དྲུག་ཅུའི་བདག་ཉིད་ཅན།   བོད་ཀྱི་ཟློས་གར་འཁྲབ་གཞུང་གངས་དཀར་མཛེས་རྒྱན།   མཁན་པོ་ཨ་པད་རིན་པོ་ཆེའི་གསུང་འབུམ།   བོན་གྱི་གསོ་རིག་བསྟན་བཅོས་སོགས་པར་སྐྲུན་བྱས་ཚར་བ་དང་།  ད་ལྟ་དེབ་དྲུག་ཅུ་ཅན་གྱི་བོད་ཀྱི་དམངས་ཁྲོད་ངག་རྒྱུན་རིག་གནས་དཔེ་ཚོགས་ཤིག་བོད་རྒྱ་ཡིག་ཤན་སྦྱར་གྱི་ལམ་ནས་པར་སྐྲུན་བྱེད་པའི་སྒང་ཡིན་ཞིང་།  དེ་མིན་བོད་ཀྱི་སྔ་རབས་སྐྱེས་བུ་དམ་པའི་ཕྱག་བྲིས་གསུང་པོད་ཕྱོགས་བསྒྲིགས།   ལྷུན་གྲུབ་སྒྲོལ་མའི་བེའུ་བུམ་ཆེན་མོ།   བོད་ཀྱི་བརྡ་སྤྲོད་མ་དཔེ་ཕྱོགས་བསྒྲིགས་སོགས་དཔེ་ཚོགས་ཀྱི་རིགས་དང་།  དཔྱད་རྩོམ།   ལོ་རྒྱུས།   སུམ་རྟགས།  དག་ཡིག   སློབ་གྲྭ་ཆུང་འབྲིང་གི་སྦྱངས་དེབ་སོགས་དེབ་རྐྱང་གི་རིགས་མང་པོ་ཞིག་ཀྱང་པར་སྐྲུན་བྱས་དང་བྱེད་བཞིན་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1