ངའི་སྐྱེས་སྐར་དང་དགུ་ཐུག

ཚེ་བརྟན་རྡོ་རྗེ་རྒྱལ། (མཚོ་ནུབ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


འབྲུག་ལོ་དང་སྦྲུལ་ལོ་འདྲེས་མཚམས་ཀྱི

དོ་དགོང་དང་འདྲ་བའི་ཉི་ཤུ་དགུའི་མཚན་མོ

དྲོད་ཁོལ་དང་གྲང་ངར་འདྲེས་མཚམས་ཀྱི

མི་ལོ་བཞི་བཅུའི་ཡར་སྔོན་གྱི་དགུན་གཞུང་ཞིག་ལ

འཇིག་རྟེན་འདིར་ལས་སྐལ་གྱི་ངུ་སྐད་དང་པོ་འཇོག་དུས

དགུ་ཐུག་གི་ཟས་སྐལ་ཐོག་མ་ཨ་མའི་བྲང་གཞུང་ནས་རྙེད

དགུ་ཐུག་གི་ཆེད་དུ་སྐྱེས་པ་ལྟ་བུའི་ངའི་མི་ལོ་རེ་རེའི་སྐྱེས་སྐར་ཁྲོད

སྐྱེས་སྐར་གྱི་ཕྱིར་ཏུ་བསྐོལ་པ་ལྟ་བུའི་དགུ་ཐུག་ལ་རོལ་བའི་ངའི་མི་ཚེའི་བཞུད་ལམ་སྟེང

གང་ཞིག་ཐོབ་སོང་བ་ལྟ་བུའི་ང་རྒྱལ་གྱིས་བཟི་མྱོང་ལ

ཡང་ཅི་ཡང་མ་ཐོབ་པའི་སྡུག་བསྔལ་གྱིས་ཀྱང་མནར་མྱོང

ཡིན་ནའང

འཐུང་འདོད་ཡོད་པའི་མི་ཚེ་ཡི་དགུ་ཐུག་ཞིམ་པོ་དེའི་ཆེད་དུ

ངས་གང་ནུས་ཅི་ལྕོགས་བགྱིད་ལ

རོལ་འདོད་ཡོད་པའི་འཇིག་རྟེན་གྱི་སྐྱེས་སྐར་ཡག་པོ་དེའི་དོན་དུ

ངས་རང་ནུས་ཡོད་རྒུ་འདོན་འདོད


རྩོམ་ཡིག་སྔོན་མ།
གྱེས་རྗེས།
རྩོམ་ཡིག་རྗེས་མ།
རླུང་གི་བཙན་འཛུལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1