མ་ངེས་པའི་སྐྱོ་གདུང་།

འཇིགས་བྱེད།(མི་གསལ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


ངག་མི་སྨྲ་བར

ཉི་མའི་འོད་ཟེར་རྩྭ་ཐང་ཆེན་མོར

ག་ལེར་འཕྲོས་པ་དང་ལྷན་དུ

གཙང་ཆུའི་འགྲམ་དུ་དབེན་སིམ་ངང་གཉིད་པའི་མེ་ཏོག་དག

ཟིལ་བ་ཁྲོམ་ཁྲོམ་ཡར་དགྱེ་འོང

ངག་མི་སྨྲ་བར

ལན་བུའི་སྣེ་ནས་རླུང་བུ་ཡང་མོ་ཞིག

ག་ལེར་ཕར་ལ་འགྲོ་དུས་མི་ཡུལ་གྱི་མཛེས་སྡུག་དང

དབྱར་གཞུང་གི་སྣང་བ་ཁྱོད་ཀྱི་མིག་ཀོང་ནས་མཐོང་བྱུང

ངག་མི་སྨྲ་བར

ཉི་མ་ག་ལེར་ནུབ་རིའི་ཕྱོགས་ལ་འཐེན

ཉི་མའི་འོད་ཟེར་གྱིས་གྲིབ་མ་ཇེ་རིང་ནས་ཇེ་རིང་དུ་བཏང

གྲིབ་མས་ས་སྲོད་ཅེས་པའི་ཐ་སྙད་སྙིང་དུ་སྡུག་པ་ཞིག

གཙང་ཆུའི་འགྲམ་ལ་བྲིས

ངག་མི་སྨྲ་བར

མུན་པའི་ཀློང་དུ་ཟླ་བ་ག་ལེར་གསལ་འོང་དུས

ཁེར་རྐྱང་གི་སྣང་བ་དང་ཟླ་བ་འགྲོགས་ནས

ནམ་མཁའི་དབྱིངས་ཀྱི་རྒྱུ་སྐར་དབུས་སུ་ཐིམ

སྐབས་དེར་ངས་ཟླ་བའི་དཀྱིལ་གྱི་ཁྱོད

ལན་གསུམ་བོས


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1