གླུ་མ་ཚེ་དབང་ལྷ་མོའི་གླུ་གཞས་ཆེད་བསྒྲིགས་གཉིས་པ་༼གངས་རིའི་བུ་མོ༽འགྲེམ་སྤེལ་བྱེད་གྲབས་ཡོད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


                        རིགས་རུས་གདུང་རྒྱུད་གཅིག་ཅིང་སེམས་དང་བསམ་ཕྱོགས་མཐུན་པའི་རྒྱ་ཆེའི་ཉན་མཁན་དང་གཟིགས་མཁན་རྣམ་པ་ལགས། མི་རིང་བར་བོད་ཀྱི་གླུ་མ་ཚེ་དབང་ལྷ་མོའི་གླུ་གཞས་ཆེད་བསྒྲིགས་༼གངས་རིའི་བུ་མོ༽ཁག་གཉིས་པའི་འོད་སྡེར་ཚད་ལྡན་བདེ་ལེགས་ངང་འགྲུབ་ནས། བོད་ཁུལ་གྱི་ས་གནས་སོ་སོར་འགྲེམ་སྤེལ་བྱེད་གྲབས་ཡོད་ཅིང་། ཐེངས་འདིའི་ཆེད་བསྒྲིགས་ཀྱི་དམིགས་ས་གཙོ་བོ་ནི། འཛམ་གླིང་ཆེན་པོའི་ཡང་རྩེར་གྱུར་བའི་མདོ་དབུས་མཐོ་སྒང་གི་རང་བྱུང་རི་ཆུའི་མཛེས་སྡུག་གི་གཙོས། སྲོག་ལྡན་ཡོངས་ཀྱི་འཚོ་གནས་ཁོར་ཡུག་ལ་སྲུང་སྐྱོབ་གཙང་སྦྲ་དགོས་པའི་འདུ་ཤེས་མཐོར་འདེགས་ཡོང་བའི་ཐད་ཀྱི་འབོད་སྐུལ་བཏང་ཡོད་པ་དང་། གཞན་མི་རིགས་ཀྱི་སྲོལ་རྒྱུན་དང་ཡ་རབས་ཀུན་སྤྱོད་གླེང་བ་སྲོག་ཏུ་ཞུགས་པའི་གླུ་གཞས་ཁ་ཤས་ཀྱི་གཞས་གདངས་གླུ་མ་ཚེ་དབང་ལྷ་མོས་ཆེད་དུ་བརྩམས་ཏེ། སྙན་མོའི་ངག་གི་འགྱུར་ཁུག་དེ་ལང་ཚོའི་གར་གྱི་སྟངས་སྟབས་དང་སྡེབས་འདུག་པས། རྒྱ་ཆེའི་གསན་མཁན་དང་གཟིགས་མཁན་རྣམ་པའི་ཐུགས་སུ་རན་པའི་སྨོན་འདུན་ཞུ་བཞིན་འདུག་ལ། དེ་ལྟར་ཡིན་པའི་ཡིད་ཆེས་ཀྱང་ཡོད་པས་ཚང་མས་གཟིགས་པར་ཞུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1