སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་མཇུག་བསྒྲིལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-21


        གྲོས་རིམ་ཁག་བདེ་བླག་ངང་མཇུག་བསྒྲིལ་རྗེས། སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་གཉིས་པ་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་ཁྲེན་ཏུའུ་རུ་མཇུག་བསྒྲིལ།
        ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅུ་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱི་ལི། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་། ནུབ་རྒྱུད་འཐབ་ཁུལ་གྱི་དམག་སྤྱི་གཞོན་པ་དང་འཐབ་ཁུལ་མཁའ་དམག་དམག་སྤྱིའི་འགན་ཅིག་ལྕོགས་བཞེས་མཁན་ཀྲན་ཧུའོ་ཧྲུན་སོགས་གདན་ཞུ་ལྟར་མཇུག་བསྒྲིལ་ཚོགས་འདུའི་ནང་ཞུགས་པ་མ་ཟད། ཀྲུའུ་ཞི་སྟེགས་བུར་བཞུགས་པ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་གིས་མཇུག་བསྒྲིལ་ཚོགས་འདུའི་ཐོག་གསུངས་བཤད་གནང་། 
        མཇུག་བསྒྲིལ་ཚོགས་འདུའི་སྔོན་ལ་འཚོགས་པའི་འདེམས་བསྐོ་ཚོགས་ཆེན་ཐོག ལི་ཁྲང་ཕིང་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་རུ་བདམས་པ་དང་། ལིའུ་ཅན་མིང་དང་། ལིའུ་སི་ཁྲོན། ཞའོ་ཅན་ཧྲུའུ། ཁྲེན་ཆོན་བཅས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུར་བདམས། 
        མཇུག་བསྒྲིལ་ཚོགས་འདུའི་ཐོག་ཨུ་ཡོན་བརྒྱད་བརྒྱ་དོན་གཅིག་ཞུགས་དགོས་པ་དང་། ཨུ་ཡོན་བརྒྱད་བརྒྱ་ཉི་ཤུ་ཞུགས་ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད། 
        མཇུག་བསྒྲིལ་ཚོགས་འདུའི་ཐོག ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཆོད་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ལྷན་གྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞིར་ཞིབ་བཤེར་བྱེད་ཚུལ་གྱི་སྙན་ཞུར་གྲོས་འཆམས་བྱུང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1