ཨ་རིའི་ས་ཆ་མང་པོ་ཞིག་ཏུ་བུད་མེད་ཀྱིས་ཁྲོམ་སྐོར་ཆེན་པོ་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


        

        ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་2019ལོའི་བུད་མེད་ཀྱི་ཁྲོམ་སྐོར་ཆེན་མོ་དེ་སྤྱི་ཚེས་19ཉིན་ཨ་རིའི་ས་ཆ་མང་པོ་ཞིག་ཏུ་སྤེལ་ཡོད་པ་རེད། ཁྲོམ་སྐོར་ནང་ཞུགས་མཁན་ཚོས་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོང་དང་ཆེ་རུ་གཏོང་རྒྱུ་དང་། ཕོ་མོའི་ཧེ་བག་ལ་མཐོང་ཆུང་དང་། རིགས་རྒྱུད་ལ་མཐོང་ཆུང་། སྤྱི་ཚོགས་དྲང་སྙོམས་མེད་པ་སོགས་ཀྱི་གནད་དོན་རབ་དང་རིམ་པའི་ཐད་ལ་དེ་བས་དོ་ཁུར་ཆེན་པོ་བྱ་དགོས་པའི་རེ་འབོད་བྱས་ཡོད་པ་རེད། ཉིན་དེར་མི་གྲངས་ཁྲི་ཕྲག་དུ་མ་ཝ་ཧྲེང་ཏུན་དུ་ཁྲོམ་སྐོར་ནང་ཞུགས་ཡོད་པ་རེད། རིགས་རྒྱུད་མི་གཅིག་པ་དང་ལོ་ན་མི་གཅིག་པའི་རྔམ་སྟོན་པས་ཕོ་བྲང་དཀར་པོའི་ཤར་ལྷོའི་ཕྱོགས་ཀྱི་རང་དབང་ཐང་ཆེན་ཐོག་ཏུ་འདུ་འཛོམས་བྱས་པ་དང་། རྔམ་སྟོན་པ་ཚོས་ང་ཚོར་ཤེས་རྟོགས་ཀྱི་དབང་ཆ་ཡོད། བུད་མེད་ཀྱི་ཁེ་དབང་གལ་འགངས་ཆེན་པོ་ཡིན་ཞེས་པ་སོགས་ཀྱི་ཡིག་འབྲུ་དཔར་དུ་བཀོད་པའི་སྦྱར་ཡིག་འཁྱེར་ནས་རང་དབང་ཐང་ཆེན་གྱི་ཉེ་འགྲམ་སྲང་ལམ་ཐོག་ཏུ་ཁྲོམ་སྐོར་བྱས་ཡོད་པ་རེད། དེ་མིན་ཉིའུ་ཡོག་དང་། ཕོ་ཧྲེ་ཏུན། ཀྲེ་ཅ་ཀོ། ཤིའུ་སི་ཏུན་སོགས་ཨ་རིའི་གྲོང་ཁྱེར་གཙོ་བོ་ཁག་ཅིག་ཏུ་ཉིན་དེར་ཡང་རིགས་འདྲ་བའི་རྔམ་སྟོན་བྱེད་སྒོ་སྤེལ་ཡོད་པ་རེད།

 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1