བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་ནཱ་པུ་ལི་སི་སློབ་ཆེན་གཉིས་བར་མཉམ་འབྲེལ་བརྡ་ཡིག་གི་ཆིངས་ཡིག་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-23


              སྤྱི་ཟླ་9པའི་ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་ཨི་ཐ་ལིའི་ནཱ་པུ་ལི་སི་སློབ་ཆེན་གཉིས་བར་མཉམ་འབྲེལ་བརྡ་ཡིག་གི་ཆིངས་ཡིག་འགོད་པའི་མཛད་སྒོ་དེ་པེ་ཅིང་དུ་འཚོགས་ཤིང་། བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པའམ་ཞིབ་འཇུག་པ་དགྲ་འདུལ་དང་། ཨི་ཐ་ལིའི་ནཱ་པུ་ལི་སི་སློབ་ཆེན་གྱི་འབྲེལ་ཡོད་མི་སྣ་སོགས་ཆིངས་ཡིག་འགོད་པའི་མཛད་སྒོར་ཞུགས།

              ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་དགྲ་འདུལ་གྱིས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཡོངས་བོད་རིག་པའི་ཞིབ་འཇུག་བྱ་བའི་འགན་ནུས་དང་བོད་རིག་པའི་ཞིབ་འཇུག་ལས་ཁུངས་ཁྲོད་ཀྱི་གོ་གནས་གཙོ་བོ།  དེ་མིན་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཕྱི་འབྲེལ་དང་མཉམ་འབྲེལ་ལས་གཞི་རྣམ་གྲངས་ཀྱི་གནས་ཚུལ་སོགས་མཚམས་སྦྱོར་གནང་།

              ཨི་ཐ་ལིའི་ནཱ་པུ་ལི་སི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རོ་བྷོ་ཐི་ཐོ་ཐོ་ལི་ཡིས་བསྟན་དོན། ཨི་ཐ་ལིའི་ནཱ་པུ་ལི་སི་སློབ་ཆེན་ནི་ཨི་ཐ་ལིས་ཤར་ཕྱོགས་ཞིབ་འཇུག་བྱེད་པའི་ཆེས་སྔ་བའི་སློབ་གྲྭ་ཞིག་ཡིན་པ་དང་། ཐེངས་འདིའི་མཉམ་འབྲེལ་དང་གླེང་མོལ་ཁྲོད་ཁོ་རང་ཉིད་ནས་ཤེས་བྱ་མི་དམན་པ་ཐོབ་པ་མ་ཟད་རྒྱལ་ཁབ་གཉིས་ཀྱི་རིག་གཞུང་ཁྱབ་ཁོངས་ཀྱི་འབྲེལ་བ་ཡང་མཐོར་འདེགས་སུ་བཏང་། ཐེངས་འདིར་ཆིངས་ཡིག་བཀོད་པ་ནི་ཕྱོགས་གཉིས་འཐབ་ཇུས་རང་བཞིན་གྱི་མཉམ་འབྲེལ་ཞིག་ཡིན་པ་མ་ཟད། ཕྱོགས་གཉིས་གའི་ཕན་ཚུན་ཡིད་རྟོན་ཡང་ཇེ་ཟབ་ཏུ་བཏང་། དེར་བརྟེན། ཀྲུང་གོའི་བོད་རིག་པའི་ཆེད་མཁས་པ་རྣམས་ཀྱིས་ཨི་ཐ་ལིའི་ནཱ་པུ་ལི་སི་སློབ་ཆེན་དུ་སྔར་ལས་མང་བའི་འབྲེལ་འདྲིས་དང་མཉམ་འབྲེལ་ལས་གཞི་སྤེལ་བར་སྨོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1