ནུས་ཤུགས་ཡོད་རྒུས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་ཡུལ་དར་རྒྱས་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་བྱ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-23



   ཉེ་ཆར། ཁུལ་དམངས་ཆེན་འཐུས་མི། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་དམངས་ཆེན་འཐུས་མི། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་དར་མདོ་དང་ལྕགས་ཟམ། རོང་བྲག་འཐུས་མི་ཚོགས་པའི་ལ་ཕེབས་ནས་འཐུས་མི་ཚོ་དང་མཉམ་དུ་གང་འདྲ་བྱས་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་ཡུལ་དར་རྒྱས་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་གཏང་རྒྱུའི་སྐོར་གྲོས་བསྡུར་བྱས་པ་རེད། ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། གྲོང་ཡུལ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་ནི་དུས་རབས་གསར་པར་ཞིང་ལས་སྐོར་གྱི་ལས་དོན་གསུམ་གྱི་སྤྱིའི་གཞི་འཛིན་ཡས་དང་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཐོབ་པའི་བཟློག་མེད་ཀྱི་བདམ་བྱ་ཡིན་པས། དར་མདོ་དང་ལྕགས་ཟམ། རོང་བྲག་རྫོང་བཅས་རྫོང་དང་གྲོང་ཁྱེར་གྱིས་རང་ཡུལ་གྱི་གནས་ཚུལ་དངོས་ལ་གནས་ཏེ་རང་ཡུལ་གྱི་རང་ངོས་ཀྱི་ཁྱད་ཆོས་མངོན་པ་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བབ་རྒྱུད་ཀྱི་གྲོང་ཡུལ་དར་རྒྱས་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏང་དགོས།
   གྲོས་བསྡུར་བྱེད་རིང་འཐུས་མི་ཚོས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་གང་བསམ་ལྷུག་བརྗོད་བྱས་ཤིང་། ལི་ཅང་དང་ཚེ་རིང་རྒྱ་མཚོ། ཝང་ཡིང་ཀྲོའུ་སོགས་འཐུས་མི་བཅུ་ལྷག་གིས་ཅི་འདྲ་བྱས་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་ཡུལ་དར་རྒྱས་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་མགྱོགས་སུ་གཏོང་བར་དམིགས་ནས་རང་ཡུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་བསམ་འཆར་དང་གྲོས་གཞི་ཕུལ་བ་རེད།
   ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། གཡག་རྔ་ནས་དར་མདོའི་བར་གྱི་མགྱོགས་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་དེ་ཁྲེང་ཏུའུ་རྒྱབ་ཕྱོགས་ཀྱི་མེ་ཏོག་ལྡུམ་ར་རུ་གྱུར་པས་ས་ཁོངས་ལེགས་ཆ་དེ་བས་མངོན་གསལ་དོད་པོ་ཡིན་པ་རེད། ལོ་གཅིག་ལ་རྨང་གཞི་འདིང་བ་དང་ལོ་གསུམ་ལ་གྲུབ་འབྲས་ཐོབ་པ། ལོ་ལྔར་སྐས་རིམ་གསར་པ་ཐོབ་སླེབས་པའི་དམིགས་འབེན་བླང་བྱ་ལྟར་གྲོང་ཡུལ་མཉམ་བསྲེས་འཕེལ་རྒྱས་དང་ཞིང་ལས་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་ཞིང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་དེ་བདེ་ཐང་ངལ་གསོ་དང་སྤྲོ་གསེང་བྱ་ཡུལ་ཡག་ཤོས་སུ་བསྐྲུན་ནས་ཏན་ཏིག་གིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་གསེབ་དེ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་བསྐྲུན་ནས་རྒྱ་ཆེ་བའི་ཞིང་འབྲོག་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་དྲག་ཏུ་གཏང་དགོས། གྲོང་གསེབ་ཐོན་ལས་དར་སྤེལ་ལ་སྐུལ་འདེད་གཏོང་ཞིང་། དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ། ཁྱད་པར་དུ་ཐོན་ལས་དང་པོ་དང་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ལ་དམིགས་ནས་རྒྱལ་རོང་རྒྱལ་མོ་རྔུལ་འབབ་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་པ་དང་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་གཏོང་ཞིང་། མཐར་ཕྱུག་འགྱུར་འབྱོར་འབྲིང་ལ་སྐྱོད་ཐུབ་པར་བྱ་དགོས། གྲོང་གསེབ་ཀྱི་སྐྱེ་ཁམས་དར་སྤེལ་ལ་སྐུལ་འདེད་གཏོང་ཞིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་འཐབ་ཇུས་སྐུལ་འདེད་གཏང་དགོས། གྲོང་གསེབ་རིག་གནས་དར་སྤེལ་ལ་སྐུལ་འདེད་གཏོང་ཞིང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གསར་བརྗེ་རིག་གནས་དང་གནའ་བོའི་མཁར་རྫོང་རིག་གནས། བོད་ཆའང་རིག་གནས། དམངས་སྲོལ་རིག་གནས་སོགས་སྔོག་འདོན་དང་དར་སྤེལ་བཏང་ནས་རིག་གནས་གྲོང་གསེབ་འཛུགས་སྐྱོང་བྱ་རྒྱུར་བརྩོན་དགོས། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་སྤེལ་ལ་སྐུལ་འདེད་གཏོང་ཞིང་། བྱ་ཐབས་གང་ཡོད་སྤྱད་ནས་ཡུན་རིང་ཕྱིར་སྡོད་པའི་འཇོན་ལྡན་མི་སྣ་འཁོར་ཐབས་སྤྲད་པ་དང་རིགས་སྣ་ཚོགས་ཀྱི་ཤེས་ལྡན་མི་སྣ་རང་ཡུལ་དུ་འགུགས་པར་སྐུལ་མ་གཏོང་བ་བཅས་བྱས་ནས་གྲོང་ཡུལ་དར་རྒྱས་ཀྱི་འཇོན་ལྡན་མི་སྣ་དཔུང་སྡེ་སྟོབས་ཆེན་ཞིག་བསྐྲུན་ནས་དེ་ཚོའི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། གྲོང་གསེབ་ཀྱི་རྩ་འཛུགས་དར་སྤེལ་ལ་སྐུལ་འདེད་གཏོང་ཞིང་། གྲོང་ཡུལ་དར་རྒྱས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་བྱེད་རིང་། རྒྱུན་ཆད་མེད་པར་ཤང་དང་གྲོང་རྡལ གྲོང་སྡེ་རིམ་པའི་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་འཛིང་གི་ནུས་ཤུགས། འབོད་སྐུལ་བྱེད་ཤུགས་ཆེ་རུ་བསྣན་དགོས།
   རྟིང་མར་ཁོང་གིས་དར་མདོ་དང་ལྕགས་ཟམ། རོང་བྲག་བཅས་གྲོང་ཁྱེར་དང་རྫོང་གསུམ་གྱིས་ལས་ཀ་སྐུལ་སྤེལ་གཏོང་བའི་ཁྲོད་ཡུལ་བབ་དང་བསྟུན་པ་དང་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་པ། རྒྱ་ཆེ་བའི་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོར་ཉན་འཇོག་དང་བརྩི་འཇོག་བྱེད་པ། མང་ཚོགས་ཀྱི་ཧུར་ཐག་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་མཛེས་སྡུག་ཁྱིམ་གཞིས་ལ་ཡིད་སྨོན་པ་དེས་གྲོང་ཡུལ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་རུ་བསྒྱུར་དགོས་པའི་ཐུགས་རེ་གནང་བ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1