2019ལོའི་ཐའེ་ཝན་བྱ་བའི་གྲོས་ཚོགས་པེ་ཅིན་ནས་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 01-24


        2019ལོའི་ཐའེ་ཝན་བྱ་བའི་གྲོས་ཚོ་གས་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐའེ་ཝན་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐའེ་ཝན་སྤུན་ཟླར་ཞུ་བའི་འཕྲིན་ཡིག་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཏང་ཀྲུང་དབྱང་གི་ཐའེ་ཝན་བྱ་བའི་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་ནན་མོ་བྱེད་པ། ཞི་བདེ་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྙིང་བོ་རྒྱུན་འཁྱོངས་བྱས་རེ། ཧུར་ཐག་གིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་སུ་གཏོང་བ་དང་། མེས་རྒྱལ་ཞི་བདེ་གཅིག་གྱུར་བྱེད་པའི་རྒྱུད་རིམ་ལ་མཐའ་གཅིག་ཏུ་སྐུལ་འདེད་གཏོང་དགོས་ཟེར།
        ཝང་དབྱང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་འཛིན་སྐྱོང་བྱེད་པ་དང་། དུས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱས་ནས། མཚོ་འག་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་ཡང་དག་ལ་སྣེ་ཁྲིད་བྱས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་ཐའེ་ཝན་བྱ་བའི་ཐད་ཀྱི་སྤྱི་ཁོག་གི་བསམ་ཕྱོགས་ལག་བསྟར་ནན་མོ་བྱེད་པ་དང་། འབད་འཐབ་ལྷོད་མེད་དང་དཀའ་ངལ་ཁྱད་སེལ་བྱས་པས། ཐའེ་ཝན་བྱ་བའི་ཕྱོགས་སོ་སོའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས། གྲུབ་འབྲས་ལེན་རྒྱུ་ལས་སླ་མོ་ཞིག་མིན་ལ། ཁས་ལེན་གང་ལེགས་བྱེད་འོས་ཟེར།
        ཝང་དབྱང་གིས་ནན་གྱིས་བསྟན་དོན། 2019ལོའི་ཐའེ་ཝན་དང་མཚོ་འགག་གི་གནས་བབ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཡིན་པས། འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ནས། བསམ་བློའི་ངོས་ཟིན་ཏང་ཀྲུང་དབྱང་གི་གནས་བབ་ཐད་ཀྱི་ཚན་རིག་དང་མཐུན་པའི་དབྱེ་འབྱེད་སྟེང་གཅིག་གྱུར་བྱེད་པ་དང་། བྱ་བའི་ཐད་ནས་ཏང་ཀྲུང་དབྱང་གི་ཐའེ་ཝན་བྱ་བའི་ཐད་ཀྱི་སྲིད་ཇུས་བྱེད་ཕྱོགས་དང་ཇུས་ཆོད་བཀོད་སྒྲིག་སྟེང་ཕྱོགས་དགོས། ཀྲུང་གོ་གཅིག་གི་རྩ་དོན་མངོན་པའི་དགུ་གཉིས་ཐུན་མོང་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་ལས། རྣམ་པ་མི་འདྲ་བའི་ཐའེ་ཝན་རང་ཚུགས་བྱེད་པའི་ཁ་གྱེས་བྱ་འགུལ་ལ་བཟོད་སྒོམ་གཏན་ནས་བྱེད་མི་རུང་། ་མཚོ་འགག་འགྲམ་གཉིས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་རྒྱུན་མཐུད་ངང་རྒྱ་སྐྱེད་དེ། ཐའེ་ཝན་སྤུན་ཟླར་ཕན་པ་ཡོད་པའི་སྲིད་ཇུས་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་བར་གྱི་བརྗེ་རེས་ལམ་བུ་མུ་མཐུད་དུ་རྒྱ་སྐྱེད་དེ། ཐའེ་ཝན་གྱི་ན་གཞོན་སྐམ་སར་ཡོང་ནས་སློབ་སྦྱོང་དང་ལས་ཞུགས། ལས་སྐྲུན། བརྗེ་རེས་བྱེད་པར་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ་དང་ཆ་རྐྱེན་སྔར་ལས་བཟང་བོ་བསྐྲུན་དགོས། ཐའེ་ཝན་བྱ་བའི་མ་ལག་ཐད་ཀྱི་ཆབ་སྲིད་འཛུགས་སྐྲུན་དང་དཔུང་སྡེ་འཛུགས་སྐྲུན། ཀུན་སྤྱོད་འཛུགས་སྐྲུན། སྲིད་གཙང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཐའེ་ཝན་བྱ་བའི་ཐད་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་ཟེར།
        དབྱང་ཅེ་ཁྲི་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས་པ་དང་། ཝང་དབྱི་གྲོས་ཚོགས་ལ་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1