མཐོ་སྒང་གི་རྒྱན་ཆ་རི་ཆུ་ནགས་གསུམ་ལ་གནོད་པ་བྱེད་མི་རུང་།

ཚུལ་ཁྲིམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-25


        ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་ནགས་ལས་སྤྱི་བདེའི་ལས་ཁུངས་ཀྱིས་རྩ་འཛུགས་བྱས་ཏེ། ནགས་ཚལ་དང་རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་ཁྲིམས་འགལ་རྩད་གཅོད་དང་། རི་ཆུ་ནགས་གསུམ་སྲུང་སྐྱོབ་བྱེད་པའི་ཆེད་དོན་ཨང་རྟགས་2པ་དང་།ནག་ཚོགས་རྩད་གཅོད་དང་ཉེས་ཅན་མེད་པར་གཏོང་བའི་འཐབ་རྩོད་དང་། 2018ལོའི་དཔྱིད་ཀའི་རྡུང་རྡེག་གི་ལས་འགུལ། མེ་སྐྱོན་གྱོད་གཞི་ཞིབ་བཤེར་ཐག་ཆོད། མཚོན་ཆ་དང་འགད་རྫས་འགོག་པ། 2018ལོའི་ནགས་ཚལ་སྲུང་སྐྱོང་གི་ལས་འགུལ་སོགས་ཆེད་དོན་གྱི་བྱེད་སྒོ་མང་པོ་སྤེལ་བ་དང་། ཆ་སྙོམས་བྱས་ན་ལོ་རེ་བཞིན་གྱོད་དོན་700ལྷག་རྩད་ཆོད་པར་མ་ཟད། ཁྲིམས་འགལ་མི་སྣ་སྐོར་ཅིག་གི་མགོ་མནན་པ་དང་། ནགས་ཚལ་དང་འབྲེལ་བའི་ཁྲིམས་འགལ་ཉེས་སྤྱོད་ཀྱི་བྱེད་སྒོ་ཆེས་ཆེར་མཆེད་པའི་རྣམ་པ་ནུས་པ་ཆེན་པོས་བཀག

          2011ལོར། ཁུལ་ནགས་ལས་སྤྱི་བདེ་ཅུས་ཀྱི་གྱོད་གཞི་ཆེད་དོན་ཚོ་ཆུང་གིས་བཙན་ལྷ་རྫོང་དུ་ 1·11གི་ཤིང་སྡོང་བརྐུས་པའི་གྱོད་གཞི་ཆེན་པོ་རྩད་ཆོད་ཅིང་། ཉེས་ཅན་གཙོ་བོ་ཝང་ཆེ་གེ་མོ་ལ་ལོ་19ཡི་དུས་བཅད་བཙོན་འཇུག་གི་ཁྲིམས་ཐག་བཅད། 2016ལོར། ཁུལ་ནགས་ལས་སྤྱི་བདེ་ཅུས་ཀྱི་གྱོད་གཞི་ཚོ་ཆུང་གིས་མཛོད་དགེ་རྫོང་དུ་1·9རི་སྐྱེས་སྲོག་ཆགས་རྔོན་པ་དང་། བསད་པའི་གྱོད་གཞི་རྩད་ཆོད་ཅིང་། ཉེས་ཅན་གཙོ་བོ་ལིའུ་ཆེ་གེ་མོ་ལ་ལོ3གྱི་དུས་བཅད་བཙོན་འཇུག་དང་། ལོ་3གྱི་དུས་འགྱངས་བཙོན་འཇུག་གི་ཁྲིམས་ཐག་བཅད། 2017ལོར། ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱི་ནགས་ཚལ་དང་འབྲེལ་བའི་གནད་དོན་རྩད་ཞིབ་ཏུ། ཁུལ་ནགས་ལས་སྤྱི་བདེ་ཅུས་ཀྱི་གྱོད་གཞི་ཆེད་དོན་ཚོ་ཆུང་གིས་མཛུབ་སྟོན་གྱིས་ནགས་ཚལ་དང་འབྲེལ་བའི་གྱོད་གཞི59ཐག་གཅོད་བྱས།

          2018ལོར། ཁུལ་ཡོངས་ཀྱི་ནགས་ལས་སྤྱི་བདེའི་ལས་ཁུངས་ཀྱིས་གྱོད་དོན་1136ངོས་ལེན་བྱས་ཤིང་། གྱོད་གཞི་717རྩད་ཆོད་པ་དང་། གྱོད་གཞི་བཟོ་མཁན་མི་78བཟུང་བ་དང་། སྔ་ཕྱིར་མི་1268ལ་སྲིད་འཛིན་ཐོག་གི་ཉེས་ཆད་བཅད། མི་1252ལ་བདེ་འཇགས་ཀྱི་ཉེས་ཆད་བཅད། ཤིང་སྨི་གྲུ་བཞི་ལྷམ་པ་3897.6དང་། རི་སྐྱེས་སྲོག་ཆགས་322དང་། རི་དྭགས་རྔོན་པའི་མེ་མདའ་དང་མཚོན་ཆ་167བླངས་པར་མ་ཟད། ཆད་པ་སྒོར་ཁྲི་222.21བཅད་ཅིང་། དཔལ་འབྱོར་གྱི་གྱོང་གུད་སྒོར་ཁྲི་200ལྷག་གྱོང་གུད་ཐེབས་མ་དགོས་པ་བྱས་སོ།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1