བཀྲ་ཤིས་གཡང་ལོ་། དུས་རབས་ཀྱི་བསྟོད་གླུ།

ཚུལ་ཁྲིམས་བཟང་པོས་བྲིས། བསྟན་འཛིན་ཉི་མས་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28


        བཀྲ་ཤིས་གླུ་གར་མཉམ་དུ་འཛོམས། གླུ་སྐད་སྙན་མོས་གཡང་ལོ་བསུ། གླུ་ལེན་གར་རྩེན་དུས་བདེར་བསྟོད། གྲུ་གཡོར་བཀལ་ནས་ལམ་གསར་བཏོད།

        2019ལོའི་ཟླ་བ་དང་པོའི་ཚེས་21ཉིན། ཁམས་པའི་བརྙན་འཕྲིན་ཁང་གི་2019ལོ་བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ལོའི་ལོ་གསར་བརྙན་འཕྲིན་སྤྲོ་ཚོགས་ཏེ་《བཀྲ་ཤིས་གཡང་ལོ།》ཞེས་པ་ཁྲེན་ཏུའུ་ནས་ཕབ་བསྐྲུན་ལེགས་གྲུབ་བྱུང་། སྤྲོ་ཚོགས་འདི་ནི་སི་ཁྲོན་ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་དང་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ཁང་མི་རིགས་སྒྱུ་རྩལ་འཕྲིན་ལམ། དཀར་མཛེས་ཁུལ་ལི་ཐང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད།

        ཐེངས་འདིའི་སྤྲོ་ཚོགས་ཀྱི་ལེ་ཚན་ལ་དུས་རབས་གསར་པའི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཡོད་དེ། ཞིང་ལྗོངས་ལྔའི་བོད་ཁུལ་གྱི་ཕུལ་དུ་བྱུང་བའི་རིག་རྩལ་ལེ་ཚན་དཔྱད་བདམས་བྱས་ནས། སྒྱུ་རྩལ་ཐབས་ལམ་སྣ་མང་བརྒྱུད་ནས་མདོ་དབུས་མཐོ་སྒང་གི་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་ཟབ་མོ། སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་བཅས་ཀྱི་རྣམ་པ་མངོན་ཡོད་ཅིང་། ལུགས་རྙིང་གི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་སྐབས། རྒྱ་ཆེའི་གཟིགས་མོ་བ་རྣམས་ལ་གཟི་འོད་བཀྲ་ཞིང་རིགས་སྣ་མང་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་དབུལ་རྒྱུ་རེད།

        2019ལོར། ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70 འཁོར་བའི་འཁྲུངས་སྐར་བསུ་རྒྱུ་ཡིན་ལ། ད་ལོ་ནི་ཁམས་པའི་བརྙན་འཕྲིན་ཁང་བཙུགས་ནས་ལོ་བཅུ་འཁོར་བའི་ལོ་ཡང་ཡིན། ཁམས་པའི་བརྙན་འཕྲིན་ཁང་གིས་མུ་མཐུད་“དར་ཆ་མཐོན་པོར་བསྒྲེང་བ་དང་། མི་སེམས་གཅིག་ཏུ་བསྡུ་བ། མི་གསར་གསོ་སྐྱོང་བྱེད་པ། རིག་གནས་དར་རྒྱས་གཏོང་བ། སྣང་བརྙན་འགྲེམས་སྟོན་བྱེད་པ”སོགས་རང་འགན་དུ་བླངས་ནས། སྤྱི་ཕན་གྱི་སྟོབས་ཤུགས་གཅིག་སྡུད་དང་། རིག་རྩལ་བརྩམས་ཆོས་སྤུས་ལེགས་བཟོ་རྒྱུ་རེད།


        吉祥歌舞齐欢聚,天籁祥瑞迎新年,欢腾歌舞庆盛世,扬帆起航新征程。

        2019年1月21日,康巴卫视2019藏历土猪新年电视联欢会《祥瑞新年》在成都圆满完成录制。联欢会由四川康巴藏语卫视频道、四川广播电视台民族频率、甘孜州理塘县人民政府共同主办。





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1