སི་ཁྲོན་ཞིང་ཆེན་གྱི་དམངས་ཆེན་དང་སྲིད་གྲོས་ཀྱི་ ཚོགས་ཆེན་གཉིས་ཁྲེན་ཏུའུ་རུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28


སྤྱི་ཟླ་དང་པོའི་ཚེས་14ཉིན། སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཁྲེན་ཏུའུ་རུ་འཚོགས།

1月14日,四川省第十三届人民代表大会第二次会议在成都开幕。

སྤྱི་ཟླ་དང་པོའི་ཚེས་14ཉིན་ནས་19ཉིན་བར། སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཁྲེན་ཏུའུ་རུ་འཚོགས།


སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་དབྱི་ལི་ཡིས་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ལས་དོན་སྙན་ཞུ་ཕུལ།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་ཆེན་འགོ་ཚུགས་པའི་ལག་བསྟར་ཀྲུའུ་ཞི་ཕེང་ཆིང་ཧྭ་ཡིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་བཞིན་པ།

大会主席团常务主席、开幕会执行主席彭清华主持开幕会

ཕེང་ཆིང་ཧྭ་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས།

གྲོས་ཚོགས་ཐོག་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སི་ཁྲོན་ཞིང་ཆེན་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱེད་ཚུལ། 2019ལོར་འཆར་གཞི་བཀོད་པའི་གྲོས་ཆོད་དང་འབྲེལ་ཡོད་གྲོས་ཆོད་བརྡས་ཐག་བཅད་ནས་གྲོས་འཆམས་བྱུང་།

ཡང་གནས་ཚུལ་འབྱོར་གསལ། སྤྱི་ཟླ་དང་པོའི་ཚེས་13ཉིན་ནས་18ཉིན་བར་སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་ཁྲེན་ཏུའུ་རུ་འཚོགས།


དབྱི་ལི་ཡིས་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཚབ་མཛད་དེ་ལས་ཀའི་སྙན་ཞུ་ཕུལ་བཞིན་པ།

尹力代表省人民政府作工作报告



ཚུའེ་པའོ་ཧྭ་ཡིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་མཛད་ནས་གྲོས་ཚོགས་ཐོག་ལས་ཀའི་སྙན་ཞུ་ཕུལ།

གྲོས་ཚོགས་ཐོག་ལི་ཁྲང་ཕིང་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་རུ་བདམས།

མཇུག་བསྒྲིལ་ཚོགས་འདུའི་ཐོག ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཆོད་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ལྷན་གྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞིར་ཞིབ་བཤེར་བྱེད་ཚུལ་གྱི་སྙན་ཞུར་གྲོས་འཆམས་བྱུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་གིས་མཇུག་བསྒྲིལ་ཚོགས་འདུའི་ཐོག་གསུང་བཤད་གནང་། །  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1