པཎ་ཆེན་སྐུ་ཕྲེང་བཅུ་པའི་རྒྱལ་གཅེས་དགོངས་པའི་རིག་གཞུང་དཔྱད་གླེང་ཚོགས་འདུ་པེ་ཅིན་དུ་འཚོགས་པ།

འཇིགས་མེད་ཀྱིས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28


        སྤྱི་ཟླ་དང་པོའི་ཚེས་28ཉིན། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་རྒྱལ་གཅེས་དགོངས་པའི་རིག་གཞུང་དཔྱད་གླེང་ཚོགས་འདུ་པེ་ཅིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས།

1961ལོའི་ཟླ་དང་པོའི་ཚེས་23ཉིན། མའོ་ཙེ་ཏུང་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་གཉིས་ཀྱིས་ཞལ་བརྡ་གནང་བཞིན་པ།

1961年1月23日,毛泽东主席和十世班禅额尔德尼亲切交谈 图 / 民族画报资料


        གྲོས་ཚོགས་དེ་ཀྲུང་གོའི་བོད་རིག་པ་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་བློ་མཐུན་སྲི་ཐར་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡན་ཅའོ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁུའུ་པྰ་ཏིང་ཐེ་བཅས་ཀྱིས་སྔ་རྗེས་སུ་གསུང་བཤད་གནང་། ཀྲུང་གོའི་བོད་སྐད་ཡིག་མཐོ་རིམ་ནང་བསྟན་སློབ་གླིང་གི་འགོ་གཙོ་གཞོན་པ་མཐུ་སྟོབས་སེང་གེ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཀྲང་ཡུན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཞུས་ཆེན་པ་མགོན་པོ་གཡུལ་རྒྱལ་སོགས་ཀྱིས་སྔ་རྗེས་སུ་གསུང་བཤད་གནང་ཡོད། བོད་རིག་པའི་ལས་རིགས་ནས་ཕེབས་པའི་རིགས་གཅིག་མཁས་ཅན་དང་རིག་གནས་པ། ཆོས་ལུགས་ལས་རིགས་ཀྱི་སྐུ་ཚབ། དེ་བཞིན་པཎ་ཆེན་སྐུ་ཕྲེང་བཅུ་པའི་གཉེན་ཉེའི་སྐུ་ཚབ་སོགས་མི་བརྒྱ་ལྷག་དཔྱད་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།

        གཞན་ཡང་ཤེས་རྟོག་བྱུང་བར་གཞིགས་ན། སྤྱི་ཟླ་དང་པོའི་ཚེས་28ཉིན། ད་དུང་པེ་ཅིན་ཀོང་ཅི་དགོན་པ་དང་། དགའ་ལྡན་བྱིན་ཆགས་གླིང་། དགོན་པ་སེར་པོ་བཅས་སུ་ཁག་དབྱེ་ནས་རྗེས་དྲན་སྨོན་ལམ་འཚོགས་ཡོད་དང་། ད་དུང་ལྷ་ས་དང་མཚོ་སྔོན་སོགས་བོད་ཁུལ་གཞན་དག་གིས་ཀྱང་པཎ་སྐུ་ཕྲེང་བཅུ་པར་མཆོག་ལ་རྗེས་དྲན་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད།

        སྤྱི་ལོ་1989ལོའི་ཟླ་དང་པོར། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་བོད་ལྗོངས་གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་པར་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་སྐུ་གདུང་ལྷན་བཞུགས་ཀྱི་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་གྱི་རབ་གནས་མཛད་སྒོ་གཙོ་སྐྱོང་གནང་བར་ཕེབས་པ་དང་། སྤྱི་ཟླ་དང་པོའི་ཚེས་28ཉིན། མཛད་བྲེལ་ཆེ་དྲགས་པའི་རྐྱེན་གྱིས་གློ་བུར་དུ་མགུལ་སྙིང་ལ་བསྙུན་གཞི་བཞེས་ནས་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་དང་། དགུང་ལོ་51ལ་ཕེབས་ཡོད་པ་རེད། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ནི་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་བློ་དཀར་སེམས་དཀར་གྱི་གྲོགས་པོ། ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་གཙོ་འཛིན་བཅས་ཡིན་པ་རེད། །  


པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན། ཁྲེན་ཝེ་ཏུང་གིས་པར་བླངས།

十世班禅大师 图 / 成卫东


        1月28日,十世班禅爱国思想学术研讨会在北京中国藏学研究中心举行。

        会议由中国藏学研究中心总干事郑堆主持,中央统战部斯塔同志、中国佛教协会副会长演觉、十一世班禅、中国佛教协会副会长祜巴等傣先后讲话。

པཎ་ཆེན་སྐུ་ཕྲེང་བཅུ་པས་མཇལ་ཁ་གནང་བཞིན་པ།

十世班禅大师给前来朝拜的人摸顶赐福 图 / 民族画报资料


        十世班禅大师俗名官保慈丹,1938年出生于青海省循化县,3岁被选为九世班禅的转世灵童。1949年6月3日,经国民政府批准免予掣签,并于8月10日派员赴青海塔尔寺主持坐床大典,继任为十世班禅。 1949年10月1日,十世班禅于青海致电毛泽东主席和朱德总司令,明确表达了对新中国和中央政府的拥护爱戴,以及拥护国家领土及主权完整的政治态度。此后数十年,大师爱国爱教,一片赤诚,身体力行维护祖国统一和民族团结,不遗余力发展藏族和各兄弟民族地区的经济文化事业。

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་མཚོ་སྔོན་ཞུན་ཧྭའི་ཁྱིམ་དུ་བཞུགས་པ།

上世纪50年代,第十世班禅大师在青海循化家中 图 / 民族画报资料

        1989年1月,十世班禅赴西藏日喀则扎什伦布寺主持五世到九世班禅大师遗体合葬灵塔祀殿的开光典礼,1月28日,因操劳过度突发心脏病圆寂,享年51岁。

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་ཁྱིམ་མི།

十世班禅全家合影 图 / 成卫东


པཎ་ཆེན་སྐུ་ཕྲེང་བཅུ་པ་ལྷ་སར་ཕེབས་་སྐབས་བསྐྱོན་པའི་སྐུ་པར།

1989年1月上旬,十世班禅大师在拉萨大昭寺朝拜完佛祖之后在寺庙金顶留影。 图 / 成卫东



པཎ་ཆེན་སྐུ་ཕྲེང་བཅུ་པའི་འཁྲུངས་གཞིས།

里是第十世班禅大师的出生的地方 图 / 成卫东



པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་བརྙན།

大师圆寂后,大师塑像供奉在循化故居中 图 / 成卫东



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1