ལོ་རྒྱུས་ཀྱི་ཕྱིར་རྟོག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28


བཤད་རྒྱུན་དུ་དཀར་མཛེས་རྫོང་ཕྱུག་རི་གླིང་ནི་ཡུམ་འགོག་བཟའ་ལྷ་མོའི་འཁྲུང་གཞིས་དང་། གེ་སར་མཁར་གྲོང་དེ་ཧོར་གླིང་གཡུལ་འགྱེད་ཀྱི་གནས་ཤུལ་དང་སེང་ལྕམ་འབྲུག་མོ་ཡང་ས་འདིར་ལོ་ངོ་དགུ་ལྷག་ལ་བཞུགས་མྱོང་པ་མ་ཟད། དེ་མིན་གླིང་སྒྲུང་ལས་བཀོད་པ་ལྟར་ན་རྫོང་མཁར་ནུབ་ཕྱོགས་ཀྱི་རོང་པ་ཚ་ནི་གེ་སར་རྒྱལ་པོའི་བཅིབས་རྟ་རྐྱང་རྒོད་གཡེར་བའི་ཕ་ས་ཡིན་པར་བཞེད་པ་སོགས་ལ་གཞིགས་ན་དཀར་མཛེས་རྫོང་ཁོངས་ཡོངས་ན་གེ་སར་སྒྲུང་དང་འབྲེལ་བའི་གནའ་ཤུལ་120ལྷག་ཡོད།

དེ་བས་གེ་སར་མཁར་གྲོང་ལྟེ་བ་བྱས་པའི་ཤར་ལྷོ་ནུབ་བྱང་གི་ཕྱོགས་ཡོངས་ལ་གེ་སར་རིག་གནས་ཀྱི་མུ་ཁྱུད་ཅིག་གྲུབ་ཡོད་པས། གེ་སར་སྒྲུང་ལས་བྱུང་བའི་གཏམ་རྒྱུད་སྣ་ཚོགས་གཞི་བྱས་ཏེ་ཐང་ག་དང་། རིག་དངོས། ཁ་བཏགས། སྐུ་བརྙན། རྡོ་བརྐོས་སོགས་གཙོ་བྱས་པའི་གེ་སར་རིག་གནས་ཀྱི་མཁར་གྲོང་བཞེངས་བསྐྲུན་བྱས་ནས། ཡུལ་སྐོར་བ་མཁར་གྲོང་འདིར་ཕེབས་མ་ཐག་གེ་སར་རིག་གནས་ཀྱི་ཞིང་ཁམས་ལ་ཉུལ་བ་ལྟ་བུའི་སྤྲོ་བས་བལྟམས་པར་བྱའོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1