མ་འོངས་པའི་དཀར་མཛེས་རྫོང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28


        གེ་སར་མཁར་གྲོང་གིས་དཀར་མཛེས་རྫོང་གི་སའི་རྒྱ་ཁྱོན་གྱི་མུའུ་1455ཟིན་པ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་6.3བཏང་ཡོད། དེ་ནི་རྫོང་ཡོངས་ཀྱི་དབུལ་ཕོངས་གྲོང་ཚོ་128ཡི་མང་ཚོགས་ཀྱི་བསམ་འཆར་དང་ལེན་གྱིས་སྡེ་མི་ཚང་མ་ལས་གཞི་འདིར་ཞུགས་པར་རང་འཐད་ཡིན་པ་མ་ཟད། སྲིད་གཞུང་དང་ཁེ་ལས། ཐུན་མོང་། སྡེ་མི་བཅས་མཉམ་འབྲེལ་གྱི་རྣམ་པས་ལས་གཞི་བསྒྲུབས་ཏེ། 2016ལོར་ལས་གཞིར་འདིར་བདེན་དབང་ཐོབ་པ་དང་2017ལོའི་ཟླ་དང་པོར་ལས་གཞི་བཙུགས་པ། 2017ལོའི་ཟླ་དྲུག་པར་དངོས་སུ་འགོ་བརྩམས། 2018ལོའི་ཟླ་བཅུ་གཉིས་པར་འཛུགས་སྐྲུན་ལེགས་གྲུབ་བྱུང་བས་ཚོད་དཔག་ལྟར་ན་2019ལོའི་ཟླ་བརྒྱད་པར་གེ་སར་གནམ་གྲུ་ཐང་ལེགས་འགྲུབ་བྱུང་བ་དང་མཉམ་དུ་བཀོལ་སྤྱོད་འཁོར་རྒྱུག་བྱེད་ཐུབ་པ་རེད།

        ཤ་ཁྲག་རུས་གསེང་ལ་འཐིམ་པའི་རིག་གནས་ཀྱི་རྒྱུན་འདི་དག་གིས་མི་རིགས་ཤིག་གི་མི་རབས་ནས་མི་རབས་བར་དཔའ་བོར་བཀུར་བའི་རྣམ་ཤེས་མཚོན། 2019ལོར་གེ་སར་མཁར་གྲོང་དང་གེ་སར་གནམ་གྲུ་ཐང་གཉིས་དུས་མཉམ་དུ་འགྲུབ་པས། ཕྱོགས་བཞི་མཚམས་བརྒྱད་ཀྱི་གྲོགས་པོ་ཚོ་གནས་མཆོག་དཀར་མཛེས་ལ་ཕེབས་ནས་གེ་སར་མཁར་གྲོང་དང་གེ་སར་གནམ་གྲུ་ཐང་སྒོ་འབྱེད་པར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་དང་དཀར་མཛེས་ཀྱི་འཕེལ་རྒྱས་གསར་པ་ཉམས་སུ་མྱོང་བར་སྙིང་ནས་རེ་སྒུག་བྱེད་བཞིན་ཡོད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1