གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༡ཚེས་༢༩ཉིན།

སི་ཁྲོན་འབར་ཁམས་ཀྱི་སྐབས་དང་པོའི“ཨ་ལ་ཆང་གསོལ་”རྒྱལ་རོང་བོད་ཀྱི་ལོ་གསར་དགོང་ཚོགས་འཚོགས་པ།


     གསར་འགོད་པས་ཚེས་25ཉིན་སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འབར་ཁམས་སྐབས་དང་པོའི“ཨ་ལ་ཆང་གསོལ་”རྒྱལ་རོང་བོད་ཀྱི་ལོ་གསར་དགོང་ཚོགས་ཚེས་24ཉིན་གྱི་དགོང་མོ་ཚ་ཚ་འུར་འུར་གྱིས་འཚོགས་འགོ་ཚུགས་པ་རེད། ད་ཐེངས་ཀྱི་དགོང་ཚོགས་ཀྱིས“བཀྲ་ཤིས་པའི་རྒྱལ་རོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ལ། འབར་ཁམས་གྲོང་ཁྱེར་གྱིས་“འབར་ཁམས་རྒྱལ་རོང་སྐོར་བྲོའི་རིག་གནས་ཡུལ་སྐོར་དུས་ཆེན”དང“‘ཨ་ལ་ཆང་གསོལ་’རྒྱལ་རོང་རོལ་དབྱངས་དུས་ཚིགས”གཉིས་གསར་གཏོད་ལེགས་འགྲུབ་བྱུང་བའི་རྨང་གཞིའི་ཐོག་ཏུ། “ཨ་ལ་ཆང་གསོལ་”སྤུས་རྟགས་ལ་དམིགས་ནས་གསར་དུ་སྤེལ་བའི་བྱེད་སྒོ་གཙོ་བོ་ཞིག་རེད། 
      ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་དགོང་ཚོགས་ནི་ཀྲུང་གུང་འབར་ཁམས་གྲོང་ཁྱེར་ཏང་ཨུ་དང་འབར་ཁམས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་ཡིན་ལ། དགོང་ཚོགས་ཀྱི་ཐོག་ཏུ། མདོ་འཛིན་པས་རྒྱལ་རོང་གི་ཡུལ་སྐད་དང་། ཨ་མདོའི་ཡུལ་སྐད། ཁམས་པའི་ཡུལ་སྐད་། དབུས་གཙང་གི་ཡུལ་སྐད། རྒྱ་སྐད་བཅས་སྐད་རིགས་ལྔ་ཡིས་དུས་མཉམ་དུ་དཔྱིད་གསར་དུས་ཆེན་ལ་སྨོན་འདུན་ཞུས་ཤིང་། རྒྱལ་རོང་བོད་ཁུལ་གྱི་ལོ་རྒྱུས་དང་རིག་གནས་ངོ་སྤྲོད་བྱས་ཡོད་འདུག
     དགོང་ཚོགས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འབར་ཁམས་གྲོང་ཁྱེར་གྱི་གདང་རིམ་སྔར་བས་མཐོ་རུ་གཏོང་བ་དང་། འབར་ཁམས་“སྣོད་བཅུད་ཡུལ་སྐོར་དང་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་”དུ་འགྱུར་བར་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་བྱེད་ཆེད། རྒྱལ་རོང་སྐབས་དང་པོའི“ཨ་ལ་ཆང་གསོལ་”བོད་ས་ཕག་ལོའི་ལོ་གསར་བརྙན་འཕྲིན་མཉམ་སྤྲོའི་དགོང་ཚོགས་ནི་རྒྱལ་རོང་བོད་ཁུལ་གྱི་མི་རིགས་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ། འགྲེམས་སྟོན་བཅས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། དགོང་ཚོགས་ཐོག་འཁྲབ་ཚན་བརྒྱུད་ནས་རྒྱལ་རོང་གི་ཟློས་གར་ཨ་མྱེས་སྒོ་གདོང་དང་། རྒྱལ་རོང་གི་གནའ་བོའི་སྐོར་བྲོ། རྒྱལ་རོང་རྒྱལ་པོ། རྒྱལ་རོང་གི་མངོན་མིན་རིག་གནས་ཤུལ་བཞག་སོགས་ཀྱི་རིག་གནས་གང་ལེགས་མཚོན་ཡོད་པ་རེད། 

     ཤེས་རྟོགས་བྱས་པར་གཞིགས་ན། འབར་ཁམས་ནི་རྒྱལ་རོང་རིག་གནས་ཀྱི་ལྟེ་གནས་ས་ཁུལ་ཡིན་ལ། དེར་ཅོག་ཙེ་རྒྱལ་པོའི་གྲོང་སྡེ་དང་། ཆུ་ཕོ་བཙན་རྫོང་ཁྱུ་ཚོགས། ད་ཚང་དགོན་སོགས་རྒྱལ་ཁབ་རིམ་པའི་གནད་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡོད་པ་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་ཐུའུ་སི། ཆོས་ལུགས། གྱོན་གོས། འཛུགས་སྐྲུན་སོགས་ཀྱི་རིག་གནས་ཡོད་ལ། ཅོག་ཙེ་གྲོས་ཚོགས་ཀྱི་གནས་རྙིང་དང་། གྲོ་མོ་མཁར་རྫོང་གྲོས་ཚོགས་ཀྱི་གནས་རྙིང་། སོ་མང་རྟ་ཐང་གཡུལ་འགྱེད་ཀྱི་གནས་རྙིང་སོགས་གསར་བརྗེའི་རྗེས་ཤུལ་དང་། སོ་མང་ཆུ་བོའི་གྲོག་རོང་དང་། རྒྱལ་རོང་ཡུལ་སྲོལ། ཐུའུ་སིའི་དཔོན་ཚང་གྲོང་སྡེ། ཐང་གའི་སྒྱུ་རྩལ། རྒྱལ་རོང་བོད་འཐག་དང་བོད་ཀྱི་འཚེམ་དྲུབ་སོགས་རང་བྱུང་དང་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལྡན་ཡོད།







39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1