ཕོ་ལན་གྱི་སྲིད་གཞུང་གསར་པས་འགན་བཞེས་དམ་བཅའ་བཞག་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-24


       སྤྱི་ཟླ་9པའི་ཚེས་22ཉིན། ཕོ་ལན་གྱི་ཙུང་ཐུང་ཁེ་མོ་ལོ་ཧྥུ་སི་ཅིས་སྲིད་འཛིན་ལས་ཤག་ཏུ་སྲིད་གཞུང་གསར་པའི་ཁོངས་མི་བསྐོ་བཞག་བྱས་པ་དང་། ཕོ་ལན་གྱི་སྐབས་གསར་པའི་སྲིད་གཞུང་གིས་འགན་བཞེས་དམ་བཅའ་བཞག་ཡོད་པ་རེད།

      མིང་ཐོར་གཞིགས་ན། ཕོ་ལན་གྱི་སྲིད་གཞུང་གསར་པའི་ནང་ཙུང་ལི་ཁེ་ཕ་ཆི་ཚུད་པའི་ཁོངས་མི་19ཡོད། སྲིད་གཞུང་གསར་པའི་ནང་བུད་མེད་པུའུ་ཀྲང་ལྔ་ཡོད་པས། སྐབས་གོང་མའི་སྲིད་གཞུང་ལས་མང་བ་ཡོད།

     གོ་གནས་བསྐོ་བཞག་མཛད་སྒོའི་ཐོག་ཁེ་མོ་ལོ་ཧྥུ་སི་ཅིས། ཇི་ལྟར་བྱས་ཏེ་དེ་སྔར་བཞིན་ལས་དོན་ཧུར་ཐག་གྲུབ་པའི་རྣམ་པ་དང་རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོང་། ཤར་རྒྱུད་ཀྱི་མཐའ་འཚམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་སོགས་ཚང་མ་ནི་སྲིད་གཞུང་སྲིད་པར་འཕྲད་པའི་ཚོད་བགམ་ཞིག་ཡིན་པས། སྲིད་གཞུང་གསར་པར་དུས་མཚུངས་སུ་ད་དུང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ་དང་མི་འབོར་ཉམས་ཉེན་ཞི་ལྷོད་དུ་གཏོང་རྒྱུ། དེ་བཞིན་རྒྱལ་ཁབ་ཀྱི་འགྲན་རྩོད་ནུས་པ་མཐོ་རུ་གཏོང་རྒྱུ་བཅས་འགྲན་རྩོད་ཆེན་པོ་གསུམ་འཕྲད་རྒྱུ་རེད་ཅེས་གསུངས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1