གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༡ཚེས་༣༠ཉིན།

ཁེ་རོ་ཡི་ཚིག་ཇ་ཁང་རྙིང་བ་སྟེ། ཨེ་ཅིབ་ཀྱི་ཕུལ་བྱུང་རྩོམ་པ་པོ་མ་ཧུ་ཧྥུ་ཚི་ཡི་ཐོལ་ཤེས་བྱུང་ས།

        ནཱ་ཅི་པུའུ་མ་ཧུ་ཧྥུ་ཚི(Naguib Mahfouz)ནི་ཨེ་ཅིབ་ཀྱི་གྲགས་ཆེ་བའི་རྩོམ་པ་པོ་ཞིག་ཡིན་ལ། ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མྱོང་བའི་ཨ་རབ་རྒྱལ་ཁབ་ཀྱི་རྩོམ་པ་པོ་ཞིག་ཀྱང་རེད། ཁོས་ནམ་རྒྱུན་ཁེ་རོའི་ཚིག་ཇ་ཁང་རྙིང་བའི་ནང་དུ་རྩོམ་འབྲི་བ་དང་། དེར་སྣང་བརྙན་དོད་པའི་བརྩམས་ཆོས་མང་པོ་བརྩམས་ཡོད། གྲོང་ཁྱེར་གྱི་སྲང་ལམ་འགྲམ་དུ་གནས་པའི་ཚིག་ཇ་ཁང་རྙིང་བ་འདི་དག་གི་ནང་དུ་ཚིག་ཇའི་དྲི་ངད་ཡོངས་སུ་འཐུལ་ཞིང་། མི་ཡུལ་གྱི་རྣམ་པ་འདྲ་མིན་སྣ་ཚོགས་དེ་ནས་མཐོང་ཐུབ་པས། ཨེ་ཅིབ་ཀྱི་སྤྱི་ཚོགས་རྒྱུས་ལོན་བྱེད་སའི་སྒེའུ་ཁུང་ལྟ་བུ་ཞིག་ཏུ་གྱུར་ཡོད། མ་ཧུ་ཧྥུ་ཚི་འཚོ་བཞུགས་སྐབས་སུ་དུས་རྒྱུན་འགྲོ་སའི་ཚིག་ཇ་ཁང་དག་གི་ཁྲོད་ནས་ཆེས་གྲགས་ཆེ་བ་ནི་ལོ་ངོ་200ལྷག་གི་ལོ་རྒྱུས་ལྡན་པའི་ཧྥེ་ཧྲ་ཝེའི་ཚིག་ཇ་ཁང་དང་། དེ་བཞིན་དུ་ཨ་རབ་ཀྱི་སྲོལ་རྒྱུན་རྣམ་པས་ཕྱུག་པའི་ཧ་ལ་ཧྥེ་ཧྲི་ཚིག་ཇ་ཁང་གཉིས་རེད།

        དུས་ད་ལྟའི་བར་དུ། སྒྱུ་རྩལ་ལ་དགའ་བའི་ས་གནས་དེ་གའི་སྡོད་དམངས་སམ་ཡང་ན་སྙན་གྲགས་ལ་དད་གུས་སྐྱེས་ནས་བསམ་གཟས་ནས་ཡོང་བའི་ཕྱི་རྒྱལ་གྱི་སྐུ་མགྲོན་སུ་ཡིན་རུང་། སྔར་བཞིན་སྲོལ་རྒྱུན་གྱི་ཚིག་ཇ་ཁང་འདི་གཉིས་ཀྱི་ཞི་དུལ་བག་ཕེབས་པའི་དུས་ཚོད་ལ་དགའ་མོས་བྱེད་བཞིན་ཡོད་དེ། གནས་འདིར་ཡོང་ནས་མ་ཧུ་ཧྥུ་ཚི་སྡོད་སའི་ཁང་མིག་དང་གྲུ་ཟུར་ལ་ལྟ་སྐོར་བྱས་རྗེས། ཚིག་ཇ་ཞིམ་པོ་ཕོར་བ་གང་ལ་མྱོང་ཞོར་དུ་ཨ་རབ་རོལ་དབྱངས་ལ་ཉན་གྱི་ཡོད། དེང་སྐབས། གསར་དུ་ཕྱེ་བའི་ཚིག་ཇ་ཁང་མང་པོས་རྩོམ་པ་པོ་གྲགས་ཅན་མ་ཧུ་ཧྥུ་ཚི་བརྗོད་གཞིར་བཟུང་ཡོད་པ་ཇེ་མང་ནས་ཇེ་མང་ཡིན་ཞིང་། དེ་མི་རྣམས་ལ་སོས་དལ་བག་ཕེབས་ཀྱིས་འདས་ཟིན་ལ་ཕྱིར་རྟོག་བྱེད་སའི་གནས་ཞིག་ཏུ་གྱུར་ཡོད། མ་ཧུ་ཧྥུ་ཚི་དང་ཚིག་ཇ་ཁང་རྙིང་བ་ནི་རིམ་བཞིན་རིག་གནས་ཀྱི་རྟགས་མཚན་གསར་པ་ཞིག་ལ་འགྱུར་བཞིན་ཡོད། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1