ཁལ་མར་བརྟེན་ནས་དངོས་ཟོག་རི་བོའི་སྒང་ལ་དབོར་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-30


     ས་བབ་མཐོ་ཚད་སྨི་4100ཟིན་པའི་གངས་ལྗོངས་ས་མཐོའི་ཐོག་གི་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཆུ་ཆེན་རྫོང་ཕྲང་རྒྱབ་ཀྱི་ཀྲའོ་ཝ་30ཡོད་པའི་འོད་ཤུགས་དབུལ་སྐྱོར་དྲ་སྦྲེལ་རྣམ་གྲངས་དེ་མིག་སྔར་གྲུབ་འབྲས་ཐོབ་པའི་ངང་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་ཤིང་། ཕྲང་རྒྱབ་རི་བོའི་སྟེང་གཤམ་བར་གྱི་ཐད་ཀའི་མཐོ་ཚད་སྨི་2000ཟིན་པའི་ཁར། རི་ལམ་མང་ཆེ་བ་གུ་དོག་པའི་འཕྲང་ལམ་ཡིན་པས་རི་བོའི་སྒང་ལ་རྒྱུ་ཆ་དབོར་འདྲེན་ཤིན་ཏུ་དཀའ་མོད། འོན་ཏེ་ཨར་ལས་པས་གནམ་གཤིས་གྲང་ངར་ཆེ་བ་དང་ལམ་མི་བདེ་བ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་ཁལ་མར་བརྟེན་ནས་འོད་ཤུགས་གློག་གཏོང་སྒྲིག་ཆས་དབོར་བ་རེད། རྣམ་གྲངས་དེ་སྲིད་འཛིན་གྲོང་ཚོ་109ལ་ཁྱབ་ནས་ཡིག་ཚགས་དང་གཱ་བཟོས་པའི་བོད་རིགས་དང་ཆའང་རིགས་ཀྱི་མང་ཚོགས་3366ལ་ཕན་པ་ཐོབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1