ཤུལ་འཛིན་ལ་རྣམ་པ་གང་དག་ཡོད།

འཇིགས་མེད་ཀྱིས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-30



《 ཤུལ་འཛིན་བཅའ་ཁྲིམས》ཀྱི་དོན་ཚན་5པ་ལས་གཏན་འབེབས་བྱས་དོན། ཤུལ་འཛིན་བྱེད་འགོ་ཚུགས་པའི་རྗེས་སུ་ཁྲིམས་གསལ་ཤུལ་འཛིན་བྱེད་ཕྱོགས་ལྟར་ཤུལ་འཛིན་བྱ་རྒྱུ་དང་། ཁ་ཆེམས་བཞག་ཡོད་རིགས་དེ་ལྟར་ཤུལ་འཛིན་བྱ་རྒྱུའམ་ཡང་ན་ཤུལ་དངོས་སྤྲོད་རྒྱུ། ཤུལ་དངོས་སྤྲོད་རྒྱུ་དང་སྦྲགས་འཚོ་སྐྱོང་བྱ་རྒྱུའི་གྲོས་མཐུན་བཞག་ཡོད་པ་རྣམས་གྲོས་མཐུན་ལྟར་བསྒྲུབ་རྒྱུ།

(གཅིག) ཁྲིམས་གསལ་ཤུལ་འཛིན།

བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ཤུལ་འཛིན་པའི་ཁྱབ་ཁོངས་དང་། ཤུལ་འཛིན་པའི་གོ་རིམ་དེ་བཞིན་ཤུལ་བཞག་རྒྱུ་ནོར་གྱི་བགོ་བཤའི་སྐལ་གྲངས་ལྟར་ཤུལ་འཛིན་བྱེད་པའི་ཤུལ་འཛིན་བྱེད་སྟངས་ཤིག་ཡིན།

(གཉིས།) ཁ་ཆེམས་རྒྱུ་དངོས་ཤུལ་འཛིན།

ཤུལ་འཛིན་བྱ་ཡུལ་གྱི་ཁྲིམས་མཐུན་གྱི་ཁ་ཆེམས་བཞག་པའི་གཏན་འཁེལ་གཞིར་བཟུང་ནས་ཤུལ་འཛིན་བྱེད་པ་ཤིག་ཡིན།

(གསུམ།) ཤུལ་དངོས་སྤྲོད་རྒྱུ་དང་འཚོ་སྐྱོང་བྱ་རྒྱུའི་གྲོས་མཐུན།

《 ཤུལ་འཛིན་བཅའ་ཁྲིམས》ཀྱི་དོན་ཚན་31པའི་ནང་གཏན་འབེབས་བྱས་དོན། སྤྱི་དམངས་ཀྱི་འཚོ་སྐྱོང་བྱེད་མཁན་དང་ཤུལ་དངོས་སྤྲོད་ལན་དུ་འཚོ་སྐྱོང་བྱེད་མཁན་གྱིས་སྤྱི་དམངས་དེ་ནམ་འཚོའི་བར་འཚོ་སྐྱོང་དང་ཚེ་ལས་འདས་ན་རྗེས་འཇུག་བྱ་རྒྱུའི་འོས་འགན་འཁུར་དགོས་པ་དང་། ཤུལ་དངོས་ལེན་དབང་ཡང་ཡོད། སྤྱི་དམངས་ཀྱིས་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་རྩ་འཛུགས་དང་ཤུལ་དངོས་སྤྲོད་ལན་དུ་འཚོ་སྐྱོང་བྱ་རྒྱུའི་གྲོས་མཐུན་བཞག་ཆོག གྲོས་མཐུན་གཞིར་བཟུང་ནས་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱིས་རྩ་འཛུགས་ནས་སྤྱི་དམངས་དེ་ནམ་འཚོའི་བར་འཚོ་སྐྱོང་དང་ཚེ་ལས་འདས་ཚེ་རྗེས་འཇུག་བྱ་རྒྱུའི་འོས་འགན་འཁུར་དགོས་པ་དང་། ཤུལ་དངོས་ལེན་དབང་ཡང་ཡོད།

(བཞི།) ཤུལ་འཛིན་པ་མེད་པའི་ཤུལ་བཞག་རྒྱུ་དངོས་ཀྱི་གཏན་འབེབས།

《 ཤུལ་འཛིན་བཅའ་ཁྲིམས》ཀྱི་དོན་ཚན་32པའི་ནང་གཏན་འབེབས་བྱས་དོན། ཤུལ་འཛིན་པ་མེད་ལ་ཤུལ་དངོས་སྤྲོད་ཁུངས་ཀྱང་མེད་པའི་ཤུལ་བཞག་རྒྱུ་དངོས་རྣམས་རྒྱལ་ཁབ་ལ་དབང་བ་དང་། འདས་པོ་འཚོ་བཞུགས་སྐབས་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་རྩ་འཛུགས་ཀྱི་ཁོངས་མི་ཡིན་ན་ཤུལ་བཞག་རྒྱུ་དངོས་རྣམས་དེ་ཉིད་གཏོགས་ཁུངས་ཀྱི་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་རྩ་འཛུགས་ལ་དབང་བ་ཡིན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1