ལོ་གསར་རིང་རྡོ་སྒོར་རྒྱག་པའི་འགྲན་བསྡུར་བྱེད་སྒོ་འཁྲུག

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 02-18



 
      ཉེ་དུས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོས་ལོ་གསར་རིང་བོད་ཀྱི་གནའ་མོའི་སྲོལ་རྒྱུན་ལྟར་རྡོ་སྒོར་རྒྱག་པའི་བྱེད་སྒོ་འཁྲུག་པོ་ཞིག་སྤེལ་ཡོད།  རྡོ་སྒོར་རྒྱག་པའི་བྱེད་སྒོ་དེར་ཞུགས་མཁན་གྱི་མི་གྲངས་དང་ན་ཚོད་ལ་ཚད་བཀག་མེད་པ་དང་།  ཁྱིམ་ཚང་རེས་འཐུས་མི་རེ་མངགས་ནས་རེ་སྐོར་གསུམ་གྱི་འགྲན་བསྡུར་ནང་མདུན་གྱི་དམིགས་འབེན་དུ་བཙུགས་པའི་ས་ཕུང་སྟེང་གི་རྭ་ཅོར་རྡོ་ཕོག་ན་ལོ་འདིའི་ནང་ཆར་ཆུ་དུས་སུ་བབས་ནས་ལོ་ལེགས་ཡོང་བའི་བཀྲ་ཤིས་རྟེན་འབྲེལ་དུ་བརྩི་བ་ཡིན།  རྡོ་སྒོར་རྒྱག་རྒྱུ་ནི་དེ་སྔ་བོད་དུ་དར་ཁྱབ་ཆེ་ལ་རྒྱག་སྟངས་ཐད་ལུང་ཚན་སོ་སོར་ཅུང་མི་འདྲ་བ་ཡོད་ཅིང་།  དེང་གི་ཆར་ལྷ་ས་དང་ལྷོ་ཁའི་གྲོང་གསེབ་ཁག་ཏུ་དར་ཁྱབ་ཆེ་ཙམ་ཡོད།།

བཀྲ་ཤིས་གཡང་ཆགས་ཕྱེ་མར་མཆོད། ལོ་ལེགས་རྟེན་འབྲེལ་སྒྲིག་ནས་ཡོད།

ཕོ་གསར་དཔུང་ལག་གཤིགས་གཤིགས། འགྲན་ཁའི་གྲ་སྒྲིག་ཨང་གསར།

གཞོན་པའི་གཤེད་ཀྱི་ངོམས་ལུགས། གཞན་ཚོ་ཧང་རེ་གསངས་སོ།

འབེན་ལ་ཕོགས་པའི་སྐབས་མཚམས་སུ། ཐལ་མོའི་རྡེབས་སྒྲ་འགྲན་རར་གྲགས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1