གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༢ཚེས་༡༨ཉིན།

༄༅།། མཆིན་པའི་ནད་ཀྱི་འབྱུང་རྐྱེན་དང་གསོ་ཐབས།


        མི་སུ་དང་སུ་ཞིག་ཡིན་རུང་འཚོ་བཅུད་ཀྱི་གལ་ཆེན་རང་བཞིན་རྟོགས་ཡོད།མགོ་ནག་མི་ཡི་བརྟེན་ས་ཉག་གཅིག་ནི་ཁ་ཟས་ཡིན་ལ།ཁ་ཟས་མེད་ན་གསོན་ཐབས་མེད།འོ་ན་མཆིན་པ་ནི་ཅི་ཞིག་ཡིན་ནམ་ཞེ་ན།མཆིན་པ་ནི་མིའི་ལུས་སྟེང་གི“རྫས་འགྱུར་བཟོ་གྲྭ”ཞིག་དང་མཚུངས་བས།མཆིན་པར་གནད་དོན་བྱུང་ན་རྫས་འགྱུར་བཟོ་གྲྭའི་འཁོར་སྐྱོད་ལ་གནད་དོན་བྱུང་སྟེ་ལུས་ཡོངས་ཀྱི་བརྗེ་ཚབ་འཁྲུགས་པ་རེད།

        མཆིན་པ་ནི་ང་ཚོའི་ལུས་སྟེང་གི“རྫས་འགྱུར་བཟོ་གྲྭ”གལ་ཆེན་ཞིག་ཡིན་པས།སྤྲི་དཀར་དང་ཁྲག་དཀག་རྒྱུ་སོགས་མིའི་ལུས་སྟེང་ལ་མཁོ་བའི་དངོས་པོ་གལ་ཆེན་མང་པོ་ཞིག་མཆིན་པ་ལས་འབྱུང་ཞིང་།མཁྲིས་དམར་རྒྱུ་དང་ཨེམ་སོགས་ལུས་སྟེང་གི་དུག་རྒྱུ་མང་པོ་སེལ་དགོས་ན་མཆིན་པར་བརྟེན་དགོས་ལ།ཀ་ར་དང་སྤྲི་དཀར།ཚིལ།འཚོ་རྒྱུ།སྐུལ་རྩི་སོགས་ལུས་པོར་མཁོ་བའི་ནུས་ཚད་གསོག་འཇོག་དང་སྤོ་བསྒྱུར་བྱེད་མཁན་ཡང་མཆིན་པ་ཡིན་པས།མཆིན་པར་རིམས་འགོག་ནུས་པ་ངེས་ཅན་ཞིག་ལྡན།མཆིན་པར་ནད་ཕོག་ན་ལུས་སྟེང་གི“རྫས་འགྱུར་བཟོ་གྲྭར”གནད་དོན་བྱུང་བ་དང་འདྲ་བས། སྤྲི་དཀར་དམའ་བ་དང་ཁྲག་དཀག་རྒྱུ་ཇེ་ཉུང་དུ་འགྲོ་བ།མཁྲིས་དམར་རྒྱུ་ཇེ་མཐོར་འགྲོ་བ་དང་རིམས་འགོག་ནུས་པ་འཁྲུགས་པ་སོགས་དེ་བསྟུན་གྱི་གནད་དོན་གཞན་པ་ཡང་གཅིག་རྗེས་གཉིས་མཐུད་དུ་འབྱུང་ངེས།
        མཆིན་པའི་བྱུང་བའི་ནད་པར་རྒྱུན་དུ་གཤམ་གྱི་སྣང་ཚུལ་འདི་དག་འབྱུང་བ་སྟེ།རྒྱུ་རྐྱེན་གང་ཡང་མེད་པར་ལུས་ལ་ཤེད་མེད་པ་དང་ལུས་པོ་རིད་པ།ངོ་གདོང་ནག་པོར་འགྱུར་བ་སོགས་ཀྱི་གནས་ཚུལ་འབྱུང་ཞིང་།མཆིན་པ་སྲ་འགྱུར་བྱུང་ཡོད་ནའང་མཆིན་པའི་བྱེད་ནུས་བཟང་མོད།འོན་ཀྱང་རྒྱུན་དུ་སྤྲི་དཀར་དམའ་བ་དང་ཐ་ན་ཁོག་པར་ཆུ་བསགས་པ་དང་།སྤྲི་དཀར་དང་ཁྲག་སྐྱོ་མང་པོ་བརྒྱབ་ནའང་ཁོག་པར་ཆུ་བསགས་པའི་གནས་ཚུལ་ཡང་ནས་བསྐྱར་དུ་འབྱུང་བར་མ་ཟད།བརྒྱབ་ཟིན་པའི་སྤྲི་དཀར་དང་ཁྲག་སྐྱོ་དག་ཉིན་འགའ་འགོར་ན་གར་སོང་ཆ་མེད་དུ་འགྱུར་པའི་གནས་ཚུལ་མངོན་པ་རེད།མཆིན་པའི་ནད་བྱུང་བ་འདྲ་ནའང་ནད་པ་ཁ་ཤས་ཤིག་ལ་གཏར་བ་དང་གཤགས་བཅོས།སྤོ་འཛུགས་བཅས་བྱས་ན་དྲག་སྐྱེད་འབྱུང་ཐུབ་ལ།ཡང་ཁ་ཤས་ཤིག་ལ་སྦྲགས་ནད་རྣམ་པ་སྣ་ཚོགས་བྱུང་སྟེ་གསོ་བཅོས་བྱེད་དཀའ་བའི་རྒྱུ་མཚན་ཅི་ཡིན་ནམ།
        གོང་གི་གསོ་བཅོས་བྱེད་དཀའ་བའི་གནད་དོན་དེ་དག་བྱུང་བ་ནི་ཁྱོད་ཀྱི་མཆིན་པར་འཚོ་བཅུད་ཀྱིས་མ་འདང་བའི་རྐྱེན་ཡིན་པ་དང་།འཚོ་བཅུད་མི་འདང་བའི་རྒྱུ་རྐྱེན་ནི་འདི་ལྟ་སྟེ།
        གཅིག ཟ་མ་བཟའ་མི་འདོད་པ། དལ་གཤིས་མཆིན་ནད་བྱུང་བའི་ནད་པ་མང་པོ་ཞིག་ལ་ཡི་ག་མེད་པའི་ནད་རྟགས་འབྱུང་བ་དང་།ཟས་རིགས་གང་ཡང་བཟའ་འདོད་མེད་པ་རེད།དེའི་ཁར་ད་རུང་ཁོག་པར་ཆུ་བསགས་ན་དེ་ལས་ཀྱང་བཟའ་འདོད་མེད་པ་དང་ཁམ་གང་ཟོས་རྗེས་རྒྱགས་པའི་སྣང་བ་འབྱུང་བས།དུས་ཡུན་རིང་ན་ཕོ་བའི་ཤོང་ཚད་ཇེ་ཆུང་དུ་འགྲོ་བ་རེད།
        གཉིས། ལྟོ་སྟོང་དུ་ནད་དཔྱད་བྱེད་གྲངས་མང་བ། དལ་གཤིས་མཆིན་ནད་བྱུང་བའི་ནད་པས་རྒྱུན་དུ་སྨན་པའི་ངག་བཀོད་ལྟར་ཁྲག་ལ་བརྟག་པ་དངBཁྲའོ་ལ་བརྟག་པ།ཕོ་བར་བརྟག་པ་སོགས་ནད་དཔྱད་མང་པོ་བྱེད་དགོས་ལ།ནད་དཔྱད་དེ་དག་ཚང་མ་མ་བརྟག་པའི་སྔོན་གྱི་དུས་ཚོད10ཡས་མས་ལ་ལྟོ་སྟོང་དུ་འདུག་དགོས་པ་དང་།དེའི་ཁར་ད་རུང་ཁྲག་བླངས་ན་འཚོ་བཅུད་ལ་གྱོང་གུན་ཐེབས་ངེས་པས།འཚོ་བཅུད་ཀྱིས་མི་འདང་བའི་གནས་ཚུལ་ཧ་ཅང་འབྱུང་སླ་བ་རེད།དེ་བས་སྨན་ཁང་དུ་བསྡད་པའི་ནད་པར་ནད་བརྟག་བྱེད་ཚད་མཐོ་ཞིང་གནད་དོན་འབྱུང་ཚད་མང་བར་མ་ཟད།སྨན་ཁང་གི་ཟ་མར་འཚོ་བཅུད་མེད་པའི་དབང་གིས་ནད་པ་མང་པོ་ཞིག་སྨན་ཁང་དུ་བསྡད་རྗེས་ནད་གཞི་ཇེ་སྡུག་ཏུ་འགྲོ་བའི་གནས་ཚུལ་འབྱུང་བ་རེད།
        གསུམ།འཚོ་བཅུད་ཀྱི་གྲུབ་ཚད་དང་སྡུད་ལེན་བྱེད་ཚད་དམའ་བ།མཆིན་པའི་བྱེད་ནུས་ལ་གནོད་འཚེ་ཐེབས་ན་སྤྲི་དཀར་དཀར་པོ་དང་ལྕགས་སྒྱུར་སྤྲི་དཀར་སོགས་སྤྲི་དཀར་སྣ་ཚོགས་ཀྱི་གྲུབ་ཚད་ཇེ་ཉུང་དུ་འགྲོ་བ་དང་།མཆིན་ནད་ཅན་ལ་རྒྱུན་དུ་ཁོག་པ་སྤོས་པ་དང་ཁོག་པ་ན་བ།སྐྱུག་མེར་ལངས་པ་སོགས་འཇུ་ལམ་གྱི་ནད་རྟགས་མངོན་པ་རེད།མཆིན་ནད་ཅན་མང་པོ་ཞིག་ལ་ད་རུང་མཁྲིས་པའི་བྱེད་ནུས་མི་ལེགས་པ་སོགས་མཁྲིས་པའི་ནད་རྟགས་མང་པོ་མངོན་པས།འཚོ་རྒྱུAདང་འཚོ་རྒྱུdའཚོ་རྒྱུKསོགས་སྡུད་ལེན་བྱེད་ཚད་ཇེ་ཉུང་དུ་གཏོང་བ་རེད།
        བཞི། འཚོ་བཅུད་ཀྱི་དགོས་མཁོ་ཇེ་མང་དུ་འགྲོ་བ།ཞིབ་འཇུག་པས་ཞིབ་འཇུག་བྱས་པ་ལས་ཤེས་གསལ་ལྟར་ན།མཆིན་པའི་ནད་བྱུང་བའི་ནད་པའི་སྙིང་གི་ལྡིང་ཚད་མགྱོགས་པ་དང་སེམས་ཁམས་འཁྲུགས་སླ་བ་དང་།དབྱེ་ཕྲལ་སྙིང་འདོར་བྱེད་ཚད་རྒྱུན་ལྡན་གྱི་མི་ལས་མགྱོགས་པས།ལུས་པོའི་ལྗིད་ཚད་ཇེ་དམའ་རུ་འགྲོ་བ་དང་འཚོ་བཅུད་ཀྱིས་མི་འདང་བ་སོགས་ཀྱིས་ཤི་བའི་ཚད་མངོན་གསལ་གྱིས་ཇེ་མཐོར་འགྲོ་བཞིན་ཡོད།གལ་ཏེ་དེའི་སྟེང་དུ་རེད་པ་དང་ཚ་རྒྱས་པ།ངལ་དུབ་སོགས་བྱུང་ན་འཚོ་བཅུད་ཀྱིས་མི་འདང་བའི་གནས་ཚུལ་དེ་བས་ཀྱང་འབྱུང་སླ་ཞིང་དེ་བསྟུན་གྱི་སྦྲགས་ནད་ཀྱང་འབྱུང་སླ་བ་རེད།
        ལྔ།  འཚོ་བཅུད་རྙིང་འདོར་གསར་ལེན་འཁྲུགས་པ། མཆིན་ནད་ཀྱིས་འཚོ་བཅུད་ཀྱི་རྙིང་འདོར་གསར་ལེན་འཁྲུགས་སུ་འཇུག་པ་དང་།ནང་སྒོས་སུ་ཁྲག་ཧྭགས་ཀྱི་རྙིང་འདོར་གསར་ལེན་འཁྲུགས་ཚད་དེ་བས་ཀྱང་མངོན་གསལ་ཡིན་པས།མཆིན་པའི་ནད་བྱུང་བའི་ནད་པར་རྒྱགས་དྲགས་ན་མཆིན་ཁུངས་རང་བཞིན་གྱི་གཅིན་སྙི་ཟ་ཁུ་འབྱུང་བ་དང་།ལྟོགས་ཡུན་ཅུང་རིང་ན་ཁྲག་ཧྭགས་དམའ་བའི་ནད་རྟགས་མངོན་པ་རེད།དེས་མཆིན་པས་ཁྲག་ཧྭགས་སྙོམས་སྒྲིག་བྱེད་པར་ནུས་པ་ཆེན་པོ་ཐོན་གྱིན་ཡོད་པ་མཚོན་ཡོད།དེ་ལས་གཞན་ད་རུང་ལུས་སྟེང་དུ་སེ་ཆད་པའི་སྐབས་སུ་དུག་སེལ་ནུས་པ་ཇེ་ཞན་དུ་འགྲོ་བའི་དབང་གིས་མཆིན་པའི་ཕྲ་ཕུང་ལ་གནོད་འཚེ་ཐེབས་པ་དང་ཡང་ན་ཤི་བའི་གནས་ཚུལ་འབྱུང་བར་མ་ཟད།རིམས་འགོག་ནུས་པ་ཇེ་ཞན་དུ་སོང་ནས་ངལ་དུབ་འབྱུང་སླ་བ་དང་རེད་སླ་བའི་གནས་ཚུལ་འབྱུང་སྲིད།
        དྲུག མིས་བཟོས་རྒྱུ་རྐྱེན་གྱིས་འཚོ་བཅུད་མི་འདང་བ། གཅིན་འབབ་པ་དང་ཁོག་པའི་ཆུ་ལེན་པའི་སྨན་འཐུང་བའི་དབང་གིས་གློག་འབྱེད་དངོས་པོ་དང་འཚོ་བཅུད་ཤོར་ཚད་མཐོ་ཞིང་།དུས་ཡུན་རིང་པོར་སྣུམ་མེད་ཟས་རིགས་ཟོས་པའི་དབང་གིས་སྤྲི་དཀར་དང་ཚིལ་རིགས་ཀྱིས་མི་འདང་བའི་གནས་ཚུལ་མངོན་པ་རེད།དེའི་ཁར་རྒྱུན་དུ་སྨན་འཐུང་ན་ཕོ་བ་དང་མཆིན་པའི་མནོན་ཤུགས་ཇེ་ལྗིད་དུ་བཏང་ནས།ཕོ་བ་མི་བདེ་བ་དང་ཟས་མི་འཇུ་བའི་སྣང་ཚུལ་འབྱུང་སླ།
        གལ་ཏེ་ཁྱོད་ལ་གོང་གི་གནས་ཚུལ་འདི་དག་བྱུང་ན།སྨན་པས་ཁྱོད་ལ་མ་ལག་རང་བཞིན་གྱི་བརྟག་དཔྱད་བྱས་ཏེ།ཁྱོད་ཀྱི་འཚོ་བཅུད་གནས་ཚུལ་ལ་དཔྱད་དཔག་བྱེད་ངེས་ཡིན་ལ།དགོས་ངེས་ཀྱི་སྐབས་སུ་སྨན་བཅོས་བྱེད་པའི་ཞོར་དུ་ད་རུང་འཚོ་བཅུད་གསོ་བཅོས་བྱེད་དགོས་ཏེ།དེ་ལྟར་བྱས་ན་ད་གཟོད་གསོ་བཅོས་ཀྱི་ནུས་པ་མི་དམན་པ་ཞིག་ཐོན་ངེས་རེད།ནད་རིགས་གང་ཞིག་ཡིན་རུང་སྨན་བཅོས་བྱེད་ཞོར་གཙོ་བོ་ལུས་པོ་གསོ་བར་བརྟེན་དགོས་པ་དང་།མཆིན་པ་ནི་དེ་ལས་ཀྱང་གཙོ་བོ་ལུས་པོ་གསོ་བར་བརྟེན་དགོས།རྒྱུ་མཚན་ནི་མཆིན་པར་བསྐྱར་འབྱུང་གི་བྱེད་ནུས་ཁྱད་པར་བ་ཞིག་ཡོད་པས།མཆིན་པར་འཚོ་བཅུད་འདང་ཚོད་ཅིག་བྱིན་ན་མཆིན་པས་ཁྱོད་ལ་དེ་ལས་ལྡབ་འགྱུར་གྱིས་མང་བའི་བདེ་ཐང་བསྐྱལ་ཡོང་ངེས་པས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1