༄༅། །སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན། ལེའུ་གཉིས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-24


                 དོན་ཚན་སོ་དྲུག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད ་ཀྱི་རང་དབང་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ།མི་སྒེར་བཅས་གང་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལ་དད་མོས་བྱེད་དུ་འཇུག་པའམ་ཆོས་ལ་དད་མོས་བྱེད་དུ་མི་འཇུག་པ་བྱས་མི་ཆོགཆོས་ལ་དད་པ་ཡོད་པའི་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས་སུ་ལའང་མཐོང་ཆུང་བྱས་མི་ཆོགརྒྱལ་ཁབ་ཀྱིས་ཆོས་ལུགས་ཀྱི  ་རྒྱུན་ལྡན་བྱེད་སྒོ་སྲུང་སྐྱོང་བྱེད་དགོས། མི་སུ་ཡིན་རུང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས ་ཀྱི་སྒྲིག་ལམ་གཏོར་བཤིག་གཏོང་བ་དང་། སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ་དང་། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགོག་རྐྱེན་བཟོ་བ་བཅས་ཀྱི་བྱ་བ་བྱས་མི་ཆོག

 ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ཀྱི་ལས་དོན་ཐད་ཕྱི་རྒྱལ་སྟོབས་ཤུགས་ཀྱི་བཀོད་པར་ཉན་མི་དགོས།

                 དོན་ཚན་སོ་བརྒྱད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་མིའི་ཐོབ་ཐང་དང་ལ་རྒྱར་བཙན་གནོད་འཁུར་མི་དགོས། སྤྱི་དམངས་ལ་བྱེད་ཐབས་གང་དང་གང་ཞིག་སྤྱད་ནས་བརྙས་བཅོས་དང་དམའ་འབེབས་བྱེད་པ་དང་།སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱེད་པ་གཏན་འགོག་བྱེད་དགོས།

                  དོན་ཚན་སོ་དགུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་སྡོད་ཁང་ལ་བཙན་གནོད་འཁུར་མི་དགོས།ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་སྡོད་ཁང་ནང་སྔོག་བཤེར་བྱེད་པའམ་བཙན་འཛུལ་བྱེད་པར་གཏན་འགོག་བྱེད་དགོས།

                   དོན་ཚན་ང་གཅིག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རང་དབང་དང་ཁེ་དབང་ལོངས་སུ་སྤྱོད་དུས་རྒྱལ་ཁབ་དང་། སྤྱི་ཚོགས། ཐུན་མོང་བཅས་ཀྱི་ཁེ་ཕན་དང་སྤྱི་དམངས་གཞན་གྱི་ཁྲིམས་མཐུན་རང་དབང་དང་ཁེ་དབང་ལ་གནོན་འཚེ་བྱས་མི་ཆོག

                      དོན་ཚན་ང་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་དང་། རྒྱལ་ཁབ་ཀྱི་གསང་དོན་དམ་སྲུང་། སྤྱི་པའི་རྒྱུ་ནོར་ལ་གཅེས་སྤྲས། ངལ་རྩོལ་གྱི་སྒྲོག་ཁྲིམས་བརྩི་སྲུང་། སྤྱི་པའི་སྒྲིག་ལམ་བརྩི་སྲུང་། སྤྱི་ཚོགས་སྤྱི་པའི་སྤྱོད་བཟང་བརྩི་འཇོག་བཅས་བྱེད་དགོས།

                   དོན་ཚན་ང་བཞི་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་མེས་རྒྱལ་གྱི་བདེ་འཇགས་དང་། མཚན་སྙན།ཁེ་ཕན་བཅས་སྲུང་སྐྱོང་བྱེད་རྒྱུའི་འོས་འགན་ཡོད། མེས་རྒྱལ་གྱི་བདེ་འཇགས་དང་། མཚན་སྙན།ཁེ་ཕན་བཅས་ལ་གནོད་པའི་བྱ་བ་བྱས་མི་ཆོག

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1