ཞི་ཅིན་ཕིང་གིས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་བེ་ཡན་ཁི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-25


     

           སྤྱི་ཟླ་9པའི་ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་བེ་ཡན་ཁི་ལ་མཇལ་འཕྲད་གནང་།

           ཞི་ཅིན་ཕིང་གིས་གསུངས་རྒྱུར། ད་ལོའི་ཟླ་5པར་ངས་སྲིད་འཛིན་ཕུའུ་ཅིང་དང་ཧྲང་ཧེ་ནས་ཐུག་འཕྲད་བྱས་རྗེས། གསེར་ལྡན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཧྥུའུ་ཐ་ལེ་སའི་མཐོ་རིམ་གྲོས་ཚོགས་དང་ཅང་མ་འགོར་བའི་སྔོན་གྱི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཏུའུ་ཧྲང་པའེ་མཐོ་རིམ་གྲོས་ཚོགས་ནས་ཡང་ཐུག་འཕྲད་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ལོ་རྒྱུས་དུས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བར་མ་ཟད། ངས་སྲིད་འཛིན་ཕུའུ་ཅིང་དང་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་ཐག་བཅད་དེ། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ནུས་པ་བཟང་པ་འདོན་སྤེལ་བྱེད་པ་དང་། ཕྱོགས་གཉིས་ཀྱིས་གྲོས་མཐུན་བཀོད་པའི་མཉམ་ལས་གྲོས་གཞི་ལག་བསྟར་བྱེད་པར་ལྟ་སྐུལ་བྱས་ནས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་བཞིན་པའི་མཉམ་ལས་ལས་གཞིའི་ཐད་ལ་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་བར་མཉམ་ལས་དང་མི་སྣ་འགྲོ་འོང་བྱེད་པར་སྔར་ལས་བཟང་བའི་མཐུན་རྐྱེན་བསྐྲུན་དགོས་པར་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1