༄༅།། ཟོག་ཤ་བཙོས་མ།

རྩོམ་སྒྲིག་པ།ཡོང་ཁུངས།སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། སྤེལ་དུས། 02-21


        ཟོག་ཤ་བཙོས་མའི་ལས་སྟངས་ནི་རུས་ལྡན་ཟོག་ཤ་དེ་རྡོག་རྡོག་ཏུ་གཏུབས་རྗེས། ཆུ་གྲང་མོ་བཅུག་ཡོད་པའི་ལྕགས་ཁོག་ནང་བཞག་ནས་ཚྭ་དང་གཡེར་མ།སི་པན་སྐམ་པོ་འོས་འཚམས་ཤིག་བླུགས་ཏེ་སྐར་མ་བཅོ་ལྔ་ལྷག་བཙོས་པ་དང་འཚོད་རན་པའི་སྐབས་སུ་ཡར་ལེན་ནས་སྡེར་མའི་ནང་འཇུག་པ་དང་། བོད་གྲི་ཡིས་གཞུར་ཏེ་སིལ་པོ་ཞིབ་མོ་དང་ཚྭ།བྲོ་རྒྱུ་བཅས་ཀྱི་སྤོད་རྫས་ཅུང་དང་མཉམ་ཟ་བྱས་ན་དེ་བས་ཞིམ་པ་རེད། ཟོག་ཤ་བཙོས་མ་ལ་སོས་པ་མཉེན་པོ་དང་བྲོ་བ་ཞིམ་པོ། བཅུད་སྣ་འཛོམས་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1