ཧུང་ཡོན་ནོར་གནག་གསོ་སྤེལ་མཉམ་ལས་ཁང་གིས་མ་རྐང་ཁེ་སྤོགས་བགོས།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-21


     ཟླ་2པའི་ཚེས་17ཉིན། ཧུང་ཡོན་རྫོང་རྨེ་བ་ཡུལ་ཚོ་དགོན་ཐང་སྡེ་བའི་ཀུན་ཕན་ནོར་གནག་གསོ་སྤེལ་མཉམ་ལས་ཁང་གིས་2019ལོའི་མ་རྐང་ཁེ་སྤོགས་བགོ་བའི་མཛད་སྒོ་དགོན་ཐང་སྡེ་བའི་སྡེ་དམངས་ཨུ་ལྷན་དུ་འཚོགས་པ་རེད།
     ཐེངས་འདིའི་ཁེ་སྤོགས་བགོ་བར། དགོན་ཐང་སྡེ་བའི་སྡེ་བ་ཡོངས་ཀྱི་མ་རྐང་བཞག་པའི་ཁྱིམ་ཚང་104ཡི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཚང་གི་མི་338ལ། མི་རེར་ཆ་སྙོམས་སྒོར་100ཡི་ཚད་གཞི་ལྟར། བསྡོམས་པའི་ཁེ་སྤོགས་སྒོར་33800བགོ་འགྲེམས་བྱས་པ་དང་། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཚང་སྟོབས་པོ་ཡིས་མ་རྐང་ལ་བཞག་པའི་ཁེ་སྤོགས་ལེན་སྐབས། ཁེ་སྤོགས་ཡང་བསྐྱར་མཉམ་ལས་ཁང་དུ་མ་རྐང་ལ་བཞག་ནས། མཉམ་ལས་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཚང་མ་དང་མཉམ་དུ་དབུལ་བྲལ་གནད་སྒྲོལ་བྱ་བར་འབད་རྒྱུ་ཡིན་ཟེར།
      རྒྱུན་ལོན་བྱུང་བ་ལྟར་ན། དགོན་ཐང་སྡེ་བའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་མེད་པའི་དབུལ་ཚང་ལ་ཀུན་ཕན་ནོར་གནག་གསོ་སྤེལ་མཉམ་ལས་ཁང་གི་ཁེ་སྤོགས་ཟླ་འདིའི་ཚེས་20ཉིན་བགོ་འགྲེམ་བྱེད་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1