འཛམ་ཐང་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་བཟང་དུ་གྱུར།

ཚུལ་ཁྲིམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-22


        ཉེ་སྔོན། ཟོག་ཤ་རྒྱ་མ30000བཀལ་བའི་ཟོང་འཁོར་ཆེན་པོ་དེ་ཏེ་དབྱང་གྲོང་ཁྱེར་ཤར་ཕྱོགས་གློག་ཤུགས་དང་རླངས་སྒུལ་འཕྲུལ་འཁོར་ཚད་ཡོད་ཀུང་སིར་བསླེབས་ཤིང་། དེ་ནི་ཀུང་སི་དེས་འཛམ་ཐང་རྫོང་གི་ཁྱད་ལྡན་ཐོན་རྫས་ཉོས་ཐེངས་གསུམ་པ་རེད།   
        2012ལོ་ནས་བཟུང་། ཀུང་སི་དེས་འཛམ་ཐང་རྫོང་གི་དབུལ་བྲལ་གནད་སྒྲོལ་གྱི་བྱ་བར་རོགས་འདེགས་བྱེད་མགོ་ཚུགས་ཤིང་། འཛམ་ཐང་རྫོང་སི་ལི་ཡུལ་ཚོ་དར་རྐུ་སྨད་མ་སྡེ་བར་རོགས་སྐྱོར་བྱས་པར་མ་ཟད། སྔ་ཕྱིར་ལས་བྱེད་པ་བཟང་གྲས7མངགས་ཏེ། འཛམ་ཐང་རྫོང་ཐོག་དང་། ཡུལ་ཚོ། སྡེ་བ་བཅས་སུ་རོགས་སྐྱོར་གྱི་བྱ་བ་སྤེལ་ཅིང་། རོགས་སྐྱོར་དང་། དམངས་ཀྱི་འཚོ་བར་རོགས་སྐྱོར། ཐོན་ལས་དབུལ་སྐྱོར། ཤེས་རིག་དབུལ་སྐྱོར། ཤེས་ལྡན་པའི་དབུལ་སྐྱོར་སོགས་དང་འབྲེལ་ཏེ། དབུལ་སྐྱོར་གནད་ཁེལ་གྱི་བྱ་བ་བསྒྲུབས་པ་རེད། དབུལ་སྐྱོར་རོགས་སྐྱོར་དེ་རྒྱུན་མཐུད་ཅན་དང་། རང་ནུས་འདོན་སྤེལ་གྱི་ཕྱོགས་སུ་འཁོར་ཕྱིར། ཀུང་སི་དེས་ས་གནས་ཀྱི་ཐོན་རྫས་ཉོ་བའི་ཐབས་ཀྱིས་རོགས་སྐྱོར་དང་སྦྱིན་གཏོང་བྱས་ཏེ། འཛམ་ཐང་རྫོང་གི་རོང་འབྲོག་མང་ཚོགས་རྣམས་ཀྱི་ཡོང་འབབ་བཟང་བར་བྱས།
        2018ལོར། ཀུང་སི་དེས་འཛམ་ཐང་རྫོང་ནས་ཟོག་ཤ་རྒྱ་མ30000དང་། མཐོ་སྒང་གི་སྦྲང་རྩི་རྒྱ་མ6493དང་། ཟན་སྣུམ་ཧྲེང25972སོགས་ཁྱོན་དམངས་སྒོར་ཁྲི253ལ་བསླེབས་པའི་ཐོན་རྫས་ཉོས་པ་རེད། དེ་དང་ཆབས་ཅིག ཀུང་སི་དེས་ལས་བཟོ་པ་རྣམས་ཀྱི་ཟ་ཁང་དུ་ཛམ་བྷ་ལར་རོགས་སྐྱོར་གྱི་ཆེད་དམིགས་ཚོང་ཁང་ཕྱེས་ཤིང་། མིག་སྔར་ཚོང་ཁང་ཆུང་ཆུང་དེ་ནས་སྒོར་ཁྲི26.38རིན་གྱི་འཛམ་ཐང་རྫོང་གི་ཁྱད་ལྡན་ཐོན་རྫས་ཕྱིར་བཙོང་པ་བཅས་སོ། ། 


རྩོམ་ཡིག་རྗེས་མ།
2018.01

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1