གངས་ལྗོངས་ཀྱི་རི་རྒྱུད་བརྒལ་མཁན་གྱི་དཔའ་མཛངས་གཉིས་ལྡན་གྱི་མི།

——དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་ལས་ཤོག་ལྔ་བཅུ་ང་གཉིས་ཀྱི་ཆབ་སྲིད་ཨུ་ཡོན་གཞོན་པ་དབྱིན་ཧྥ་ཐང་གི་ངག་བརྗོད་ཟིན་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


(དུས་དེབ་གོང་མར་མཐུད)

        ཁྲེང་ཏུའུ་གཡུལ་འགྱེད་མཇུག་སྒྲིལ་རྗེས། མ་གཞི་བྱས་ན་ཐང་འཐབ་གཉིས་པའི་དམག་དཔུང་ཡུན་ཀུའེ་ཁྲོན་དརཁམསསོགས་སུ་སྒར་ས་བྱེད་རྒྱུའི་གྲ་སྒྲིག་ཡོད། དེ་བཞིན་དམག་སྡེ་བཅོ་བརྒྱད་ཀྱང་དེ་སྔོན་གྱི་འཆར་གཞི་ལྟར་ན། ཀུའེ་ཀྲའུ་ལ་བསྐྱོད་རྒྱུ་དེ་རེད། འོན་ཀྱང་རྗེས་སུ་འགྱུར་བ་བྱུང་སྟེ་ཁྲོན་ལྷོའི་ལུའུ་ཀྲའུ་དང་། ཡིའི་པིན་། ཛི་ཀུང་སོགས་སུ་བསྐྱོད་རྒྱུ་བྱས། ས་ཆ་གཞན་དང་བསྡུར་ན་ཆ་རྐྱེན་ལེགས་པོ་ཡོད་པས། ཚང་མ་བློ་མོས་པོ་བྱུང་མོད། དམག་དཔུང་དངོས་སུ་རྡོག་ཐོན་བྱས་མ་ཐག་གློ་བུར་དུ་ཛ་དྲག་གི་བརྡ་ཐོ་འབྱོར་ཏེ་དཔུང་བསྐྱོད་བྱེད་རྒྱུ་མཚམས་འཇོག་བཞག་སྟེ་ད་ཡོད་ས་ཆ་འདི་གར་གོང་རིམ་གྱི་བཀའ་སྒུག་ནས་སྡོད་དགོས་པ་དང་། ཧྲེ་ཡན་ཆད་ཀྱི་འགོ་ཁྲིད་མི་སྣ་གཙོ་བོ་རྣམས་གྲུང་ཆིང་དུ་ལམ་སེང་ཚོགས་འདུར་ཡོང་དགོས་པའི་བཀའ་འབྱོར་བ་རེད། སྐབས་དེ་དུས་ང་ཚོ་སི་ཁྲོན་ལྷོ་བརྒྱུད་ས་ཁུལ་གྱི་སྒར་སར་ཐོན་འགྲོ་བཞིན་པའི་སྒང་ཡིན་པས། བསམ་བློའི་ཐོག་གྲ་སྒྲིག་གང་ཡང་མེད། དམག་སྡེ་བཅོ་བརྒྱད་ཀྱི་ལས་བྱེད་མང་པོ་ཞིག་ཁྲོན་ལྷོའི་ས་གནས་གང་སར་རྫོང་དང་གྲོང་ཁྱེར་ཁག་གི་འགོ་ཁྲིད་ལས་བྱ་བསྒྲུབ་པར་བཏང་ཚར་བ་རེད། དམག་དཔོན་ཀྲང་གོ་ཧྭ་ནི་ཁྲོན་ལྷོ་སྲིད་འཛིན་གྱི་ཀྲུའུ་རེན་དང་པོར་བསྐོ་བཞག་བྱས་ཟིན་ནས། ལུའུ་ཀྲའུ་ལ་ལས་འགན་བསྒྲུབ་པར་སྐྱོད་བཞིན་པའི་སྒང་རེད། ཆབ་སྲིད་ཨུ་ཡོན་ཐན་ཀོན་སན་ཡང་དམག་སྡེ་བཅོ་བརྒྱད་ཀྱི་ཕེབས་སྐྱེལ་ཨ་རག་བཏུངས་ཟིན་ཏེ་ཙེ་ཀུང་གྲོང་ཨུད་གྱི་ཧྲུའུ་ཅི་བྱེད་པར་བསྐྱོད་པའི་ལམ་བར་དུ་ཡོད། ཡིན་ནའང་ཟླ་བ་1ཚེས་པ་8ཉིན། ལིའུ་ཕོ་ཁྲེང་ དང་། ཏེང་ཞའོ་ཕིང་གིས་བཏང་བའི་གཏར་འཕྲིན་བཀའ་རྒྱ་ནི་རི་གཟར་གྱི་རྦབ་རྡོ་ལྟར་ལྡོག་ཐབས་ག་ལ་ཡོད། དམག་སྡེ་བཅོ་བརྒྱད་ས་ཆ་དེ་གར་བཀའ་སྒུག་ནས་སྡོད་དགོས་པ་དང་། ཀྲང་གོ་ཧྭ། ཐན་ཀོན་སན་དང་ཧྲེ་ཁག་གི་འགོ་འཁྲིད་ལས་བྱེད་གཙོ་བོ་རྣམས་གྲུང་ཆིང་དུ་ལམ་སེང་ཡོང་དགོས་ཞེས་པའི་བཀའ་འབྱོར། ལིའུ་ཕོ་ཁྲེང་གིས་ཀྲང་གོ་ཧྭ་དང་ཐན་ཀོན་སན་གཉིས་འཕྲད་མ་ཐག་ཚིག་ཆེན་པོ་གསུམ་གྱི་ཐོག་ནས་ཁོང་རྣམས་བོད་བསྐྱོད་ཀྱི་འགན་འཁྲི་དེ་མཚོན་པར་བྱས་པ་སྟེ། གལ་འགངས་ཆེ། དཀའ་ཚེགས་ཆེ། གཟི་བརྗིད་ཀྱང་ཆེ་ཞེས་པའི་ཚིག་གསུམ་གྱི་ཐོག་ནས་ཁོང་རྣམས་བོད་བསྐྱོད་བྱེད་དགོས་པའི་འགན་འཁྲི་དེ་མཚོན་པར་བྱས་པ་རེད།


        ཐང་འཐབ་གཉིས་པའི་འགོ་གཙོས་ནམ་རྒྱུན་ཡིན་ན། ཐོན་ཤོག་གི་འགོ་ཁྲིད་གཙོ་བོ་གཅིག་པུ་སྐད་བཏང་སྟེ་ལས་འགན་བཀོད་སྒྲིག་བྱེད་ཀྱི་ཡོད། འོན་ཀྱང་ད་རེས་ཧྲེ་ཡན་ཆད་ཀྱི་ལས་བྱེད་སྐད་བཏང་སྟེ་ཚོགས་འདུ་འཚོགས་དགོས་དོན་ཅི་ཡིན། ངེས་པར་དམིགས་བསལ་གྱི་གནད་དོན་ཞིག་ཡོད་ཀྱི་རེད། ཚང་མས་འོལ་ཚོད་ཀྱིས་ཕལ་ཆེར་མཚོ་ལྷོ་སྐམ་སའི་གནད་དོན་སྐོར་ཡིན་གྱི་རེད། ཡང་འགའ་རེས་ཐའེ་ཝན་གྱི་གནད་དོན་སྐོར་ཡིན་གྱི་རེད་ཅེས་པ་སོགས་ལབ་གླེང་སྣ་ཚོགས་ཤིག་བྱེད་བཞིན་བསྡད། མཐའ་མཇུག་བོད་ལྗོངས་ཀྱི་གནད་དོན་སྐོར་ཡིན་པ་ཤེས་པ་རེད། ངའི་བསམ་པར་ཁྲོན་ལྷོ་སོགས་ཆ་རྐྱེན་ལེགས་པོ་ཡོད་པའི་ས་ཆ་འགའ་ཤས་སུ་བསྐྱོད་དེ་སྒར་ས་འདེབས་རྒྱུའི་འཆར་གཞི་སྐྱིད་པོ་ཞིག་ཡོད་མོད། ཡིན་ནའང་འཆར་གཞི་དེ་ཉིད་ད་ཆ་བོད་བསྐྱོད་དུ་བསྒྱུར་བས་དམག་དཔུང་ནང་ནས་བསམ་འཆར་མང་ཤིང་། དེས་དཀའ་ངལ་དང་། སྐྱེ་འཆི། གཉེན་སྒྲིག ཁྱིམ་ཚང་སོགས་གནད་དོན་མང་པོ་ཞིག་འཐབ་འཛིང་པ་ཚོས་དང་ལེན་བྱེད་དཀའ་བའི་དོན་དངོས་སུ་འགྱུར་བ་རེད། ལིའུ་ཕོ་ཁྲེང་དང་ཏེང་ཞའོ་ཕིང་དབུ་ཁྲིད་གཉིས་པོས་ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་མཛུབ་སྟོན་བརྒྱུད་བསྒྲགས་བྱེད་པ་དང་ཆབས་ཅིག བོད་བསྐྱོད་བྱེད་དགོས་པའི་དོན་སྙིང་དང་། དོན་ཆེན་གཙོ་བོར་འཛིན་དགོས་པ། ལས་ཀའི་དཀའ་ཚེགས་ཀྱི་རང་བཞིན་དང་གཟི་བརྗིད་ཀྱི་རང་བཞིན་སོགས་གསུངས། དམག་མི་རྣམས་ལ་དུས་ཡུན་འགའ་ཤས་རིང་། གོང་རིམ་གྱི་མཛུབ་སྟོན་དང་འགན་འཁྲིའི་སྐོར་གྱི་སློབ་གསོ་དང་། བོད་དུ་བསྐྱོད་ནས་བོད་ལྗོངས་བཅིངས་འགྲོལ་གཏོང་རྒྱུ་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་ཚུལ་དང་། གསར་བརྗེ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་ཚུལ་སོགས་ཀྱི་བསམ་བློའི་སློབ་གསོ་མང་པོ་བརྒྱབ་པར་བརྟེན། ད་གཟོད་དམག་མི་རྣམས་ཀྱི་བསམ་བློ་རིམ་བཞིན་འགྱུར་ལྡོག་བྱུང་ཞིང་། བློ་རྩ་ཡང་རིམ་བཞིན་བརྟན་དུ་ཕྱིན་པ་རེད། དམག་སྡེ་བཅོ་བརྒྱད་ཀྱི་ལས་བྱེད་དང་འཐབ་འཛིང་པ་རྣམས་བོད་བསྐྱོད་ཀྱི་སེམས་ཤུགས་བརྟན་པོ་ཡོང་ཆེད། ལིའུ་ཕོ་ཁྲེང་དང་། ཏེང་ཞའོ་ཕིང་གིས་བཀའ་ནན་པོ་བཏང་སྟེ་ས་ཁུལ་ཁག་ཏུ་ལས་སྣེ་འཛིན་པར་གཏན་འཁེལ་བྱུང་བའི་དམག་སྡེ་བཅོ་བརྒྱད་ཀྱི་ལས་བྱེད་ཚང་མ་ཚུར་བོས་ནས་ཁོང་ཚོའི་འཐུས་ཚབ་ཏུ་དམག་སྡེ་10པ་ནས་མི་སྣ་མངགས་གཏོང་བྱེད་དགོས་པ་མ་ཟད། དམག་སྡེ་བཅོ་བརྒྱད་ཀྱི་སྒར་ས་ཚང་མ་སྲུང་སྐྱོང་བྱེད་དགོས་ཞེས་བཀའ་བཏང་། གཞན་ཡང་། ལིའུ་ཕོ་ཁྲེང་དང་ཏེང་ཞའོ་ཕིང་གཉིས་པོས་ཐང་འཐབ་གཉིས་པའི་དམག་དཔུང་གི་དབུ་ཁྲིད་ལ་རེ་བ་བཏོན་ཏེ་དམག་དཔུང་གཞན་ཚང་མས་ཧུར་བརྩོན་ཆེན་པོས་དམག་སྡེ་བཅོ་བརྒྱད་པ་བོད་བསྐྱོད་བྱེད་རྒྱུར་གཞོགས་འདེགས་བྱེད་དགོས་པ་དང་། དམག་སྡེ་བཅོ་བརྒྱད་ལ་དགོས་མཁོ་གང་ཞིག་ཡོད་ཀྱང་གོང་རིམ་ནས་འདོད་པ་བསྐོང་ཐུབ་པ་བྱེད་དགོས་ཞེས་གསུངས། སྤྱི་ལོ་1950ལོའི་ཟླ་བ་གཉིས་པའི་ཚེས་གཅིག་ཉིན། དམག་སྡེ་བཅོ་བརྒྱད་ཀྱི་རྒྱབ་ཕྱོགས་ཀྱི་གཞོགས་འདེགས་བྱེད་མཁན་གྱི་སི་ལིང་པུའུ་ཞིག་ཀྱང་ཆེད་དུ་སྒྲིག་འཛུགས་བྱས་པ་རེད། སྒྲིག་འཛུགས་པུའུ་དེར་ལྷོ་ནུབ་དམག་ཁུལ་ཁང་གི་རྒྱབ་ཕྱོགས་པུའུ་ཡིས་ཀྱང་ལམ་སེང་རླངས་འཁོར་ཐོན་ཤོག་གཉིས་དང་། ཟོག་འདྲེན་རྟའི་རུ་ཆེན། མོ་ཊ་ཆེན་མོའི་ཐོན་ཤོག བཟོ་པའི་ཐོན་ཤོག་བཞི་བཅས་རྒྱབ་སྐྱོར་དུ་བཏང་སྟེ་ལམ་ཁ་བཟོ་རོགས་སོགས་བྱས་ནས་བོད་བསྐྱོད་དམག་མིའི་གྲ་སྒྲིག་ལས་ཀར་གཞོགས་འདེགས་ཡག་པོ་བྱས་པ་རེད། སྐབས་དེ་དུས་ལམ་བཟོས་བྱས་པའི་ལམ་ཁ་དེ་ནི་དར་རྩེ་ན་ནས་བོད་ལྗོངས་བར་གྱི་འགྲོ་ལམ་ཡིན་ཞིང་། དེ་ཡང་དེང་སྐབས་བརྗོད་པའི་ཁྲོན་བོད་གཞུང་ལམ་ཞེས་པ་དེ་ཡིན། དེའི་གོང་ལ་དར་བོད་ཀྱི་འགྲོ་ལམ་ཟེར་བ་མ་ཟད། རིང་ཚད་བྱས་ན་ཡ་ཨན་ནས་ལྷ་ས་བར་ཡིན། རྗེས་སུ་ནུབ་ཕྱོགས་དར་རྩེ་ནུབ་ཁམསའདི་ཉིད་སི་ཁྲོན་གྱི་མངའ་ཁོངས་སུ་བསྒྱུར་བས་ལམ་དེར་ཡང་ཁྲོན་བོད་གཞུང་ལམ་ཞེས་འབོད་པ་རེད། ལམ་བུ་དེ་ཉིད་བཟོ་བར་དུས་ཡུན་རིང་ཤོས་དང་། མི་ཤུགས་དང་དངོས་ཤུགས་ཀྱི་འགྲོ་སོང་ཆེ་ཤོས་བཏང་མྱོང་བ་རེད། ལམ་དེ་ཉིད་བཟོ་བར་ཁྱོན་ལོ་5འགོར་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1