༄༅། །སློང་མོ་བ་དེ་ལ་གཟིགས་དང་། ཁོང་གི་བྱས་རྗེས་དག་ཁྱེད་ཀྱིས་ནམ་ཡང་བརྗེད་མི་སྲིད་ལ་བརྗེད་ཀྱང་མི་རུང་།

འཇའ་ཐང་འབྲོག་བུ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།བཙན་པོའི་མགར་གྱི་དྲ་བ། སྤེལ་དུས། 09-26


               བགྲེས་སོང་འདིས་ཁྱོད་ལ་དཔའ་བོ་ཟེར་བ་དེ་ཚུལ་ཇི་ལྟར་འགྱུར་མིན་མཚོན་པར་བྱས་འདུག  ཁོང་ལ་འབྱོར་བ་གང་ཡང་མེད་མོད་འོན་ཀྱང་ཁོང་ལ་གསེར་ནག་གི་ཕུང་བོ་ལས་རིན་ཐང་ཆེ་བའི་སྙིང་རྗེའི་སེམས་བཟང་དེ་ཡོད་པ་ཡིན།  དགུང་ལོ་གོ་དགུ་ལོན་པའི་བགྲེས་སོང་དེས་ཉིན་རེར་གང་བྱེད་བཞིན་པའི་གནས་ཚུལ་དག་མཐོང་སྐབས་ཁྱེད་ཀྱིས་ཕུལ་ཏུ་བྱུང་བའི་དཔའ་བོ་དངོས་དེ་ཇི་འདྲ་ཞིག་ཡིན་མིན་མཁྱེན་ཡོང་། དཔའ་བོ་དེ་དག་ཁྱོད་ཀྱིས་གང་མཐོང་བའི་མཐོང་ཚུལ་དེ་མིན།

    མི་བགྲེས་སོང་འདི་མཐོང་བྱུང་ངམ།    འདིར་ཁོང་ཉིད་འཛམ་གླིང་མི་ཡག་ཤོས་ཡིན་པའི་རྒྱུ་མཚན་ཡོད།

                       ཁོང་ནི་འཛམ་གླིང་དམག་ཆེན་གཉིས་པ་ནས་རྣ་བའི་བྱེད་ལས་ཕལ་ཆེར་ཉམས་ཤིང་རང་ལོ་གོ་དགུ་ལོན་པའི་བགྲེས་སོང་ཌོ་བྷེ་རུ་རེད། ཁོང་གིས་མི་ལོ་བཅུ་ཕྲག་དུ་མར་ལུས་ལ་ཁྲིམས་བཟོས་གོས་དང་རྐང་ལ་ཀོ་ལྷམ་ཞིག་གྱོན་ཏེ་ཁྱིམ་ནས་རང་གི་སློང་མོ་བྱེད་ས་བྷུ་ལ་རྒ་རུའི་རྒྱལ་ས་སོ་ཕུ་ཡ་(City of Sofia, Bulgaria,)བར་ཉིན་ལྟར་རྒྱང་ཐག་ཀེ་ལོ་མི་ཀྲར་ཉེར་ལྔ་རེ་གོམ་བགྲོད་བྱེད་ཀྱི་ཡོད།

                   ཌོ་བྷེ་རུ་ཡས་ཁོ་རང་ཉིད་ཀྱི་ཆེད་དུ་སློང་མོ་བྱེད་ཀྱི་མེད། ཟླ་རེའི་རྒས་ཕོགས་ཡོ་སྒོར་བརྒྱད་ཅུ་(ཨ་སྒོར་བརྒྱ་ཙམ་) ཡོད་པ་དག་གིས་རང་ཉིད་འཚོ་ཐབས་བྱེད་ཀྱི་ཡོད།

                    ཁོང་གིས་མི་ལོ་དུ་མར་སློང་མོས་བསྒྲུབས་པའི་དངུལ་ཆ་ཚང་( ཡོ་སྒོར༤༠༠༠༠ཙམ།) ཕ་མ་མེད་པའི་དྭ་ཕྲུག་སྐྱོ་བོ་དག་གི་བུ་ལོན་གྱི་ཆེད་དུ་ཞལ་འདེབས་གནང་བ་རེད།

                   ཁོང་གིས་རང་ལ་ཐོབ་པའི་དངུལ་ལས་སྒོར་ཟུར་གཅིག་ཀྱང་ཉར་མེད། ཡོད་ཚད་དྭ་ཕྲུག་གི་ཆེད་དུ་རེད།

                   འགའ་ཤས་ཀྱིས་ཁོང་ལ་བྷེ་ལོ་འོ་ཡི་སྐྱེས་བུ་དམ་པ་ཞེས་འབོད་བཞིན་ཡོད། ( བྷེ་ལོ་འོ་ཡི་ཁོང་གི་སྐྱེས་ཡུལ་ཡིན།) ལོ་འདིར་ཁོང་དགུང་ལོ་བརྒྱ་ལ་བུད་ཡོད།

                         ཁོང་ནི་མི་ཚང་མས་གཅེས་སྐྱོང་དང་དགའ་བོ་བྱེད་ཀྱི་ཡོད་ལ་མི་རྣམས་ཀྱིས་ཁོང་ལ་ཨ་མྱེས་ཌོ་བྷེ་རུ་འབོད་ཀྱིན་ཡོད། ཁོང་གིས་རང་འདོད་ཀྱི་དྲི་མས་མ་སྦགས་པའི་བཟང་སྤྱོད་དག་མཚོན་པ་བྱས་ཡོད།

                          གལ་སྲིད་ཁྱེད་ཀྱིས་དཔེ་བཟང་འོས་པའི་མི་ཞིག་བྱེད་འདོད་ན་འདི་ལ་ལམ་ཁ་གཅིག་ཡོད། ཁོང་དང་ཏོག་ཙམ་འདྲ་བོ་གནོང་དང་འཛམ་གླིང་འདི་ས་ཆ་ཡག་པོ་ཞིག་ཏུ་འགྱུར་གྱི་ཉག་གཅིག་རེད།

                           ཁོང་གིས་རང་ཉིད་ཀྱིས་བསྒྲུབས་པའི་དངུལ་དག་རང་ཉིད་ཀྱི་འཚོ་བའི་ཁ་དོག་འགྱུར་བ་གཏོང་ཆེད་དུ་བཀོལ་ན་ཆོག་ལ། ཁོང་རང་ཉིད་ཀྱི་ཉིན་རེའི་འཚོ་ཐབས་འདི་ལམ་ཆེན་ནང་དུ་བསྐྱེལ་དགོས་པ་མེད། འོན་ཀྱང་ཁོང་གིས་དེ་ལྟར་བྱས་པ་རེད། ཁོང་གིས་དེ་ལྟར་བྱེད་དོན་ནི་རང་ཉིད་ལ་ཐོབ་པའི་དངུལ་ལོ་ཡོད་ཚད་ཕ་མ་མེད་པའི་དྲྭ་ཕྲུག་རྣམས་ལ་གཏོང་ཐུབ་པའི་ཆེད་དུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1