སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་།

བུ་ཚེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


ཀ་ཡེ་གསན་དང་རྒྱ་ཆེའི་མང་ཚོགས་རྣམས།

ཁ་ཙམ་མིན་པར་ཏང་གི་བཀའ་ལ་བརྩིས།

ག་དུས་ཡིན་ཀྱང་ཚང་མས་བློ་ལ་ཆོངས།

ང་ཅག་སྒྱུར་བཅོས་སྒོ་དབྱེའི་འཁྲུངས་སྐར་བསུ།

ཅ་ཟིང་མེད་པར་བཀྲ་ཤིས་རྟེན་འབྲེལ་ཞུ།

ཆ་ལུགས་ཀུན་མཐུན་སྒྲིག་འཁུར་ཁྲིམས་སྲུང་ལས།

ཇ་ཆང་རྒྱན་རྩེད་ཁོ་ནར་མི་གཡེངས་པར།

ཉ་ཆུ་བཞིན་གྱི་སྒྱུར་བཅོས་སྒོ་དབྱེ་དྲན།

ཏ་ལེར་འཕུར་བའི་དེང་རབས་ཚན་རྩལ་གྱིས།

ཐ་གྲུའི་འཇིག་རྟེན་གཞན་དག་རྙེད་དོ་སྐད།

ད་ནི་བགྲང་བྱ་བཞི་བཅུའི་སྐལ་བཟང་དེར།

ན་གཞོན་ཤེས་དཔལ་རྒྱལ་ཁབ་རྐང་འཛིན་འབུངས།

པ་ཊ་བཞིན་གྱི་གཞུང་ལམ་དྲ་བ་བསྐྲུན།

ཕ་ཡུལ་དབུལ་སྒྲོལ་ཕྱུག་འགྱུར་གནད་སྨིན་ལས།

བ་མོའི་བཞོན་བཟང་རྩྭ་ཡི་བཀའ་དྲིན་བཞིན།

མ་ནོར་ལམ་བཟང་སྒྱུར་བཅོས་སྒོ་དབྱེའི་དྲིན།

ཙ་རེ་བ་ཡི་བགྲང་བྱ་བཞི་བཅུ་རུ།

ཚ་འུར་སྒྱུར་བཅོས་ཚ་རླབས་གང་སར་འཕྱུར།

ཛ་ཛོར་སྦགས་བཙོག་བཅོས་སྐྱོང་ཤུགས་ཆེན་དག

ཝ་ལེར་འཛམ་གླིང་སྐྱེ་བོའི་སྤྱན་ན་དྲངས།

ཞ་བོར་རྐང་སྦྱིན་སྒྱུར་འཕེལ་བརྟན་གསུམ་དར།

ཟ་ཉལ་གཅིག་པུ་མིན་པས་འཕོ་འགྱུར་བྱུང་།

འ་ཅག་དམངས་ཕྱུག་གཏོད་མཁན་ཏེང་ལགས་དང་།

ཡ་མེད་སྲིད་ཇུས་དབུལ་བཅོས་ཕྱུག་འགྱུར་དྲན།

ར་བ་གངས་རིས་སྐོར་བའི་གངས་ལྗོངས་ཀྱི།

ལ་ཀླུང་ཀུན་ལ་སྒྱུར་བཅོས་དཔྱིད་དཔལ་གྱི།

ཤ་མཆོག་སྒོ་དབྱེའི་སྲིད་ཇུས་མེད་པ་ན།

ས་འདིའི་དེང་གི་འཕོ་འགྱུར་ག་ལ་ཐོབ།

ཧ་ཅང་བཀྲ་ཤིས་སྒོ་དབྱེའི་འཁྲུངས་སྐར་འདིར།

ཧ་ཧ་མི་རིགས་ང་དྲུག་སྤྲོ་སེམས་ཀྱིས།

ཨ་མ་ལེ་ཧོའི་བསྟོད་དབྱངས་མ་ལུས་འབུལ།

ཨ་ཤིའི་ཁ་བཏགས་སྒྲོན་ནས་རྟེན་འབྲེལ་ཞུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1