སྲོལ་ཡིག་གི་བླང་བྱ་ལག་བསྟར་ཧུར་ཐག་གྱིས་། ཤང་གྲོང་དར་སྤེལ་གྱི་ནུས་ཤུགས་གཅིག་ཏུ་འགྲིལ་དགོས།

ནུང་འུ་ཨན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་ཤང་གྲོང་དར་སྤེལ་གཏོང་རྒྱུའི་འཐབ་ཇུས་བཏོན་གནང་ཡོད། ལོ་གཅིག་གི་ཚུན། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་རྣམས་ཀྱི་སྣེ་འཁྲིད་དེ། སེམས་ནུས་གཅིག་སྒྲིལ་ངང་རྩེ་རིམ་ཇུས་འགོད་བྱེད་རྒྱུར་ཤུགས་སྣོན་རྒྱུན་ཆད་མེད་པ་བརྒྱབ་སྟེ།--ཤང་གྲོང་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཟླ་8ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་གིས་གསར་དུ་དག་བཅོས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་སྲོལ་ཡིག》(བསྡུས་མིང་《སྲོལ་ཡིག》ཏུ་འབོད་རྒྱུ)དཔར་འགྲེམས་གནང་ཞིང་། ལས་ཀའི་སྒྲིག་ཁྲིམས་དང་མང་ཚོགས་ཀྱི་སྒྲིག་ཁྲིམས་སོགས་ཀྱི་བླང་བྱ་གསར་པ་བཏོན་ཡོད། བླང་བྱ་གསར་པར་བརྟེན་ནས་ཤང་གྲོང་དར་སྤེལ་གཏོང་རྒྱུའི་ནུས་ཤུགས་གཅིག་ཏུ་འགྲིལ་ཐུབ་པ་མ་ཟད། ངར་ཤུགས་འཕེལ་ནས་ཤང་གྲོང་གོང་འཕེལ་གཏོང་རྒྱུའི་ཐོག་དམ་ནན་སྒྲིག་ཁྲིམས་ཀྱི་སྲུང་ཡོལ་སྲ་བརྟན་ཡོང་བར་གཡས་སྐྱོར་གཡོན་སྲུང་གི་ནུས་པ་ཐོན་ཡོད།

《སྲོལ་ཡིག》གསར་པས་འདུ་ཤེས་གསར་པར་ཞབས་ཞུ་བསྒྲུབས་པ།

        《སྲོལ་ཡིག》དོན་ཚན་121པའི་ནང་། “ལས་དོན་ཁྲོད་འགན་འཁྲི་མི་འཁུར་བའམ་ཡང་ན་དོ་དམ་བྱེད་རྒྱུ་སྣང་མེད་དུ་བཞག་པ། གོང་རིམ་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་དང་ཞིབ་བཤེར་སྐུལ་འདེད་ཀྱི་དོན་འཁྱོལ་བྱེད་ཤུགས་མི་འདང་བ”ཞེས་པའི་ནང་དོན་གྱི་མཇུག་ཏུ“གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་འདུ་ཤེས་ལག་བསྟར་བྱེད་ཤུགས་མི་འདང་བར་བརྟེན། འགན་འཁྲིའི་ཁྱབ་ཁོངས་ནང་གི་གནད་དོན་ལ་ལྟ་སྐུལ་འགན་འཛོལ་བྱུང་བ་ཡིན་ན། གྱོང་གུན་ཅུང་ཆེ་ཙམ་མམ་ཡང་ན་ཚབས་ཆེན་བཟོས་རིགས་ལ། ཆད་པ་ལྗིད་པོའམ་ཡང་ན་དེ་ལས་ལྕི་བ་གཅོད་རྒྱུ”ཞེས་པ་གསར་སྣོན་བརྒྱབ་པ་དེས། ལས་ཀའི་ཁྲོད་དུ་དོན་འཁྱོལ་ཡོད་པ་དང་། ལྟ་ཞིབ་ཡོད་པ། ཕན་འབྲས་ཐོན་པ། རང་འགན་གཞན་དཀྲི་མི་བྱེད་པ། བྱས་རྗེས་འཇོག་རྒྱུར་བརྩོན་པ། དབྱེ་ཞིབ་གཏིང་ཟབ་བྱེད་པ། ཕན་ནུས་ཆེན་པོ་ལྡན་པ་བཅས་ཡོད་དགོས་པའི་བླང་བྱ་བཏོན་གནང་བས་གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་རྒྱུར་ལག་བསྟར་མཐར་ཕྱིན་དང་སྤུས་ཚད་ལེགས་པའི་གོང་འཕེལ་གཏོང་ཆེད་སྒྲིག་ཁྲིམས་ཀྱི་འགྱུར་མེད་བླང་བྱ་ཞིག་གཏན་ལ་གསལ་པོ་ཕབ་ཡོད། 《སྲོལ་ཡིག》ནང་དག་བཅོས་བྱས་པ་དང་། འཐུས་ཚང་བཏང་བ། ཁ་སྣོན་བརྒྱབ་པ་དག་དུས་རབས་གསར་པ་དང་འགན་འཁྲི་གསར་པ། བླང་བྱ་གསར་པ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཤིང་། འདུ་ཤེས་གསར་པའི་ལག་བསྟར་ལ་འགན་སྲུང་དང་། ཤང་གྲོང་དར་སྤེལ་གཏོང་རྒྱུར་ཞབས་འདེགས་བསྒྲུབ་པ་བཅས་སྒྲིག་ཁྲིམས་འཛུགས་སྐྱོང་གི་དུས་རབས་ཀྱི་རོལ་དབྱངས་ལེའུ་ཞིག་བརྩམས་གནང་ཡོད།

        ཤང་གྲོང་དར་སྤེལ་གཏོང་རྒྱུའི་འཐབ་ཇུས་དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏུ་བཏོན་གནང་བའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་སྐྲུན་རྒྱུའི་གལ་ཆེའི་འཐབ་ཇུས་ཀྱི་ལས་འགན་ཞིག་རེད། དེ་ནི་དུས་རབས་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱེད་ས་ཞིག་ཡིན་ལ། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་གྲོང་གསེབ་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གང་ལེགས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མངོན་མཚོན་གལ་ཆེན་ཞིག་ཀྱང་ཡིན་པས། ཕྱོགས་ཡོངས་ནས་ཀྲུང་གོའི་གྲོང་གསེབ་གོང་འཕེལ་གཏོང་རྒྱུའི་མ་འོངས་ཀྱི་མཚར་སྡུག་དཔེ་རིས་ཤིག་བཀོད་དེ་ཞིང་ལས་གྲོང་གསེབ་གོང་འཕེལ་གཏོང་རྒྱུ་དང་། སྔོན་ཚུད་ནས་གོང་འཕེལ་གཏོང་རྒྱུར་སྔར་མེད་གསར་བྱུང་གི་མཐོ་ཚད་ཅིག་ལ་བཏེགས་ཡོད། ལོ་འགོར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་ཤང་གྲོང་དར་སྤེལ་གཏོང་རྒྱུའི་དུས་ཚོད་རེའུ་མིག་དང་ལམ་ཐིག་པར་རིས་བཀོད་སྒྲིག་བྱས་པ་དང་། སྤྱིའི་བླང་བྱ་ཚིག་རྐང་20གསལ་པོ་གཏན་ལ་ཕབ་ཅིང་། བརྒྱུད་རིམ་7གྱི་ཞིབ་ཕྲའི་ཇུས་འགོད་བཅས་བཏིང་ཡོད། ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་འཐུས་མི་ཚོགས་པའི་གྲོས་ཆོད་ཀྱི་ནང་ཞུགས་སྐབས། བསྐྱར་དུ་ཐོན་ལས་དར་སྤེལ་དང་། ཤེས་ལྡན་མི་སྣ་དར་སྤེལ། རིག་གནས་དར་སྤེལ། འབྱུང་ཁམས་དར་སྤེལ། རྩ་འཛུགས་དར་སྤེལ་བཅས“དར་སྤེལ་ལྔ”ཡི་ཚན་རིག་དང་མཐུན་པའི་ཆོད་སྡོམ་བཞག་གནང་ཡོད། གོང་འཕེལ་གྱི་འདུ་ཤེས་གསར་པ་དེ་དག་དོན་འཁྱོལ་ཡོང་ཆེད། ཤང་གྲོང་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཡོད་ཅིང་། འགོ་ཁྲིད་ཀྱི་སྒྲིག་གཞིའི་ཐད་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)ཆེས་མང་བར་ཧྲུའུ་ཅིའམ་ཡང་ན་ཞིང་ཀྲང་ནི་ཙུའུ་ཀྲང་ངམ་ཡང་ན་ཧྲུའུ་ཅི་དང་ཞིང་ཀྲང་གཅིག་ལྕོགས་ཡིན་པའི་ཤང་གྲོང་དར་སྤེལ་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལམ་ལུགས་བཙུགས་ཡོད་པ་དང་། མ་དངུལ་གྱི་ཐོག་ཀན་སུའུ་ཞིང་ཆེན་ཁོ་ནས་ཐོན་ལས་དར་སྤེལ་གཏོང་བར་མ་དངུལ་སྒོར་དུང་ཕྱུར་1000ཟིན་པའི་ཁྱད་ལྡན་ཐོན་ལས་གོང་འཕེལ་གྱི་ལས་གཞིའི་ཆེད་དོན་དངུལ་བུན་གཏོང་བཙུགས་བྱེད་རྒྱུར་ཁྲིད་སྟོན་བྱས་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ནས་འགོ་ཁྲིད་གཙོ་བོ་དེ་ཙུའུ་ཀྲང་ཡིན་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཡོད་པ་མ་ཟད། སྲིད་ཇུས་ཀྱང་བཏོན་ཏེ་དོན་ཚན་12དང་བྱེད་ཐབས་40གསལ་པོ་གཏན་ལ་ཕབ་པས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

《སྲོལ་ཡིག》གསར་པས་གོང་འཕེལ་གསར་པ་ཚད་ལྡན་དུ་གཏོང་བ།

        མི་དམངས་ཀྱི་སྣེ་འཁྲིད་དེ་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་རྒྱུ་དེ་ནི་ང་ཚོའི་ཏང་གི་ནམ་ཡང་འགྱུར་ཐབས་མེད་པའི་འབད་ཐབས་དམིགས་ཡུལ་ཞིག་རེད། དབུལ་ཕོངས་མི་འབོར་དང་དབུལ་ཕོངས་ས་ཁུལ་རྣམས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་སྐྱོད་ཐུབ་པ་བྱེད་རྒྱུ་ནི་ང་ཚོའི་ཏང་གི་རྔམ་བརྗིད་ལྡན་པའི་དམ་བཅའ་ཞིག་རེད། ཤང་གྲོང་དར་སྤེལ་གཏོང་རྒྱུའི་འཐབ་ཇུས་ཀྱི་ཁྲོད། ཀྲུང་དབྱང་ནས་ཐུན་མོང་ཕྱུག་འགྱུར་དང་། འབྱུང་འཕྲོད་གོང་འཕེལ། ཤང་གྲོང་ལེགས་བཅོས། ཁྱད་ཆོས་ལ་བརྟེན་ནས་དབུལ་པོ་ཉུང་གཏོང་སོགས་ཀྱི་ཕྱོགས་གང་སར་བཀོད་སྒྲིག་བྱས་ཡོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀར་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་མི་དམངས་ཀྱིས་ཁས་ལེན་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཐུབ་པ་བྱེད་དགོས་ཤིང་། མི་དམངས་ཀྱི་ཆེས་ཐུགས་ཁུར་དང་ཆེས་ཐད་ཀར་ཆེས་དོན་དངོས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཐུབ་པ་བྱེད་རྒྱུ་སོགས་ནི་འགྱུར་མེད་ཀྱི་སྒྲིག་ཁྲིམས་ཐོག་ནས་འགན་སྲུང་ཡོང་རྒྱུ་དང་ཁ་བྲལ་ཐབས་མེད། ལོ་སྟོད་དུ་ཤང་གྲོང་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་། ས་ཆ་ཁག་གཅིག་ཏུ་ཁང་པ་བཤིག་སྐྲུན་གང་བྱུང་བྱེད་རིགས་དང་། བཙན་ཤུགས་བབ་ཅོལ་སྒོ་ནས་ལས་དོན་སྒྲུབ་པ། ཡུལ་མིའི་ཚབ་རྫུན་མ་བྱས་ནས་བྱ་བ་ཐག་གཅོད་པ། ཞིང་པའི་ཁེ་ཕན་ལ་བཙན་གནོད་བྱེད་ཅིང་ས་ཁང་གང་བྱུང་དུ་ཧམ་བཟུང་བྱེད་པ། རྒྱན་སྒྲིག་ལྟ་བུའི“གཞོང་ལྗོངས”གསར་བཟོ་བྱེད་པ། ཞུགས་གཉེར་རྫུན་འཇོག་བྱེད་པ་སོགས་ཀྱི་འཕེལ་ཕྱོགས་མི་ལེགས་པ་བྱུང་བས། དེ་དག་གིས་ཤང་གྲོང་དར་སྤེལ་གཏོང་རྒྱུར་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ཏེ་ཏང་གི་གཟུགས་བརྙན་ལ་གནོད་སྐྱོན་བྱུང་ཡོད། 《སྲོལ་ཡིག》གི་དོན་ཚན་112པར་མི་དམངས་ཀྱི་ཁེ་ཕན་ལ་གནོད་པའི་བྱེད་སྤྱོད་རིགས་དྲུག་ལ་ཆད་གཅོད་ཀྱི་གཏན་འབེབས་བྱས་ཡོད་པ་དང་སྦྲགས། “དབུལ་སྐྱོར་ཁྱབ་ཁོངས་ནང་གོང་བཀོད་ཀྱི་བྱེད་སྤྱོད་རིགས་ཡོད་ཚེ། ཆད་པ་ལྗིད་པོའམ་ཡང་ན་དེ་ལས་ལྗིད་བ་གཅོད་རྒྱུའི”གཏན་འབེབས་བྱས་ཡོད་ཅིང་། དོན་ཚན་114པར་དབུལ་སྐྱོར་དབུལ་སྒྲོལ་གྱི་ཁྱབ་ཁོངས་ནང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་བཙན་གནོད་བྱུང་རིགས་ཀྱི་ཆད་གཅོད་གཏན་འབེབས་གསར་སྣོན་བྱས་ཡོད་པ་དང་། དོན་ཚན་115པ་གསར་སྣོན་བྱས་པའི་ནང་། རུས་རྒྱུད་དམ་ཡང་ན་གཏུམ་སྤྱོད་ཕྱོགས་གཏོགས་སོགས་ཀྱིས་མང་ཚོགས་ལ་བརྙས་བཅོས་གཉའ་གནོན་བྱེད་པ་དང་། ཡང་ན་ནག་ཚོགས་སྤྱོད་ངན་གྱི་བྱ་སྤྱོད་རྒྱ་ཡན་དུ་གཏོང་བ་དང་། གཏུམ་སྤྱོད་ཕྱོགས་གཏོགས་ལ་འགེབས་སྲུང་བྱེད་མཁན་རིགས་ལ་ཆད་གཅོད་ཀྱི་གཏན་འབེབས་བཟོས་ཡོད་པ། དོན་ཚན་116པའི་ནང་དགོས་པའི་ལས་ཀ་མི་བྱེད་པར། མི་དགོས་པའི་རྙོག་གྲ་བཟོ་བ་སོགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་བྱེད་སྤྱོད་རིགས་ལྔ་ལ་ཆད་གཅོད་ཀྱི་གཏན་འབེབས་བཟོས་ཡོད་པ། དོན་ཚན་112པ་གསར་སྣོན་བྱས་པའི་ནང་ལས་ཀའི་ཁྲོད་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཀྱི་བྱེད་སྤྱོད་རིགས་བཞི་ཡོད་པའི་དབང་གིས་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་རིགས་ལ། དེ་དང་ཐད་ཀར་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཆད་པ་གཅོད་རྒྱུའི་གཏན་འབེབས་བཟོས་ཡོད་པ་བཅས་ཡིན། ནང་དོན་གསར་སྣོན་བྱས་པ་དེ་དག་གིས་དགོས་པའི་ལས་ཀ་མི་བྱེད་པར་མི་དགོས་པའི་རྙོག་གྲ་བཟོ་བ་སོགས་ཀྱི་མི་དོན་གཉིས་ལ་འཆིང་ཞྭ་གཡོགས་པ་དང་། མཐའ་ཚད་བརྒྱབ་པ། དམར་ཐིག་སྟོན་པ་བཅས་བྱས་པས་ཤང་གྲོང་དར་སྤེལ་གཏོང་རྒྱུའི་ཆེད་སྐུལ་འདེད་གཏོང་འགོ་འཚུགས་ཡོད།

《སྲོལ་ཡིག》གསར་པར་བརྟེན་ནས་གྲུབ་འབྲས་གསར་པ་འཇོག་དགོས།

        ད་ལོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་ལོ་ཞིག་ཡིན་ལ། ཤང་གྲོང་དར་སྤེལ་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་བྱེད་པའི་འགོ་ཚུགས་ཀྱི་ལོ་ཞིག་ཀྱང་ཡིན་པས། གང་འདྲ་བྱས་ཏེ་སྐུལ་འདེད་གཏོང་རྒྱུ་དང་། ཚད་རིམ་གང་འདྲ་ཞིག་ལ་སྐུལ་འདེད་གཏོང་དགོས་མིན་ནི་གལ་འགངས་ཆེ་བའི་གནད་དོན་ཞིག་རེད།

        གཅིག་གྱུར་ཐོག་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་སྟེ། ཤང་གྲོང་དར་སྤེལ་གཏོང་རྒྱུའི་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔྱད་ཞིབ་ཀྱི་བྱེད་ཐབས་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་མིའི་འཚོ་གནས་ཁོར་ཡུག་ལེགས་བཅོས་བྱེད་པ། གྲོང་གསེབ་ཀྱི་ཐུན་མོང་གི་ཐོན་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ། འབྲུ་རིགས་མཁོ་འདོན་ལ་འགན་སྲུང་བྱེད་པ། ཞིང་ལས་ཀྱི་སྙོམས་སྒྲིག་གྲུབ་ཆ་དང་ཚུལ་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་བ། ཤང་གྲོང་ལེགས་བཅོས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཏང་གི་གྲོང་གསེབ་ཀྱི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ཐད་ལ་འབད་བརྩོན་ཆེར་སྐྱེད་བྱས་ནས་ཞབས་ཞུ་ལེགས་པོ་བསྒྲུབ་དགོས།

        བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱེད་དགོས་པ་སྟེ། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་དང་། ཞིང་ལས་ཚན་རྩལ་གསར་གཏོད། གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་སྒྱུར་བཅོས། ས་ཞིང་“ཞིང་ལས་ཅན་མིན་པའི”སྣང་ཚུལ་སོགས་ཀྱི་ཐད་མནོ་བསམ་ཞིབ་མོ་གཏོང་དགོས་ཤིང་། འཐབ་ཇུས་ཀྱི་བསམ་གཞིག་དང་ལོ་རྒྱུས་བསམ་གཞིག་གི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་བཏང་སྟེ“ཞིང་གསུམ”ལས་ཀར་སྔོན་ཚུད་ནས་ཇུས་འགོད་བྱེད་པ་དང་ཞིབ་འཇུག་གཏིང་ཟབ་བྱེད་དགོས།

        སློབ་སྦྱོང་དང་ལག་བསྟར་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། 《སྲོལ་ཡིག》སློབ་སྦྱོང་བྱེད་རྒྱུར་བརྩོན་པ་ཆེར་སྐྱེད་དང་། རྒྱུན་ཏུ་བསམ་གཞིག་དང་ལྟ་བསྡུར་ཞིབ་ཕྲ་བྱེད་པ་བཅས་ཀྱི་སྒོ་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་། སྒྲིག་ལམ་གྱི་འདུ་ཤེས་སྔར་བས་མཐོ་རུ་བཏང་སྟེ་ཤང་གྲོང་དར་སྤེལ་གཏོང་རྒྱུའི་བརྒྱུད་རིམ་ཁྲོད་དུ་དབང་གྲགས་ནུས་རིང་གི་ལམ་ལུགས་དང་། “མཐོ་གློག”ཅན་གྱི་སྒྲིག་ཁྲིམས་ཀྱི་རྣོ་མཚོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དམ་ནན་སྒྲིག་ཁྲིམས་དེ་དངོས་སུ་ང་ཚོའི་རྒྱུན་ལྡན་གྱི་བྱ་སྤྱོད་དང་རང་རྟོགས་ཀྱི་བརྩི་སྲུང་ཞུ་ས་ཞིག་ཏུ་འགྱུར་བ་བྱེད་དགོས།

        “འདུ་ཤེས་བཞི”སྲ་བརྟན་དུ་གཏོང་དགོས་པ་སྟེ། བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་བརྩི་བཀུར་དང་སྲུང་སྐྱོང་། གོང་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ། ནན་ཏན་ཐོག་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུའི”བརྗོད་དོན་གཙོ་བོའི་ཤང་གྲོང་དར་སྤེལ་གཏོང་རྒྱུའི་འཐབ་ཇུས་དམ་པོར་དམིགས་ཏེ་རིག་གནས་ལ་བརྟེན་ནས་སྲིད་སྐྱོང་རམ་འདེགས་བྱེད་པའི་ནུས་ཤུགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་བ་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དུས་ཐོག་ཏུ་དོན་འཁྱོལ་ཐུབ་པ་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས་ཤིང་། ལྟ་སྐུལ་སློབ་སྟོན་དང་ལྟ་ཞིབ་ཀྱི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུར་འབད་བརྩོན་ཆེར་སྐྱེད་ཀྱི་ནུས་ཤུགས་འདོན་སྤེལ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་མི་དམངས་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་དང་ཐུགས་ཁུར་གྱི་ཕན་ནུས་དངོས་སུ་ཐོན་པ་དང་། བྱ་སྤྱོད་དངོས་སུ་སྤེལ་བ། དོན་འཁྱོལ་དངོས་སུ་བྱུང་བཅས་ལ་འགན་ལེན་ཐུབ་པ་བྱས་ཏེ། དོན་ངོ་མའི་ཐོག་ནས་ཤང་གྲོང་དར་སྤེལ་དང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གང་ལེགས་གཏོང་དགོས།

བསྟན་འཛིན་ནོར་བུས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1