གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༩ཚེས་༢༨ཉིན།

བདེ་ཆེན་ཁུལ་གྱི་གསར་སྤེལ་ས་ཁུལ་གྱིས་མང་ཚོགས་ཀྱི་འཐུང་ཆུའི་གནད་དོན་སེལ།

            ཏང་གི་མང་ཚོགས་ལམ་ལུགས་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གསར་སྤེལ་ཁུལ་གྱིས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ཁག་ཐེག་བྱ་ཆེད།  ནུས་ཤུགས་ཡོད་ཚད་སྤྱད་ནས་ཁོ་ཚོའི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས།

            ཏང་ཨུའི་ཁོངས་མི་དང་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཁག་མང་ཚོགས་གསར་སྤེལ་ཁུལ་གྱི་དུད་ཁྱིམ་ལ་སོང་ནས་རྒྱུས་ལོན་བྱེད་དུས། ཞིན་རིན་སྡེ་བའི་ལྭ་ཐའོ་སྡེ་མི་ཚན་ཆུང་གི་ཐོན་སྐྱེད་འཚོ་བའི་ཆུ་བེད་སྤྱོད་ཐད་དཀའ་ཁག་ཆེན་པོ་ཡོད་པ་དང་། འདེབས་འཛུགས་གསོ་སྤེལ་མཐུན་ཚོགས་ཀྱི་འཕེལ་རྒྱས་ལ་གནོད་འཚེ་ཆེན་པོ་ཐེབས་བཞིན་ཡོད་པའང་ཤེས།

             དོན་དངོས་སྟེང་མང་ཚོགས་ཀྱི་ཆུ་བཀོལ་གནད་དོན་ཐག་གཅོད་བྱེད་ཆེད།  གསར་སྤེལ་ཁུལ་གྱིས་མ་དངུལ་སྒོར་ཁྲི་16བཏང་སྟེ་ཁྲོམ་པ་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱས།  མིག་སྔར།  ཁྲོམ་པའི་ཆུ་འབྱུང་ཚུལ་ཅུང་ལེགས་ཤིང་།  ཆུའི་བཟང་ངན་ལ་རྫས་འགྱུར་བརྟག་དཔྱད་བྱས་ནས་ཚད་དང་མཐུན་རྗེས་མང་ཚོགས་ལ་འདོན་སྤྲོད་བྱ་རྒྱུ་རེད།  །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1