རྒྱ་གར་གྱི་ཨ་རག་རྫུས་མའི་དོན་རྐྱེན་ཁྲོད་ཤི་བའི་མི་156ཟིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-26



        ཟླ་2ཚེས་24ཉིན། རྒྱ་གར་ཨ་སཱ་མོ་མངའ་སྡེའི་སྲིད་གཞུང་གིས་བསྟན་དོན། མངའ་སྡེ་དེའི་ཨ་རག་རྫུས་མའི་དོན་རྐྱེན་ལས་མི་156ཤི་བ་རེད། ཨ་སཱ་མོ་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་དོན། ཚེས་24ཉིན་གྱི་ཕྱི་དྲོའི་བར། མངའ་སྡེ་དེའི་པང་ཀོ་ལ་ཁཱ་ཏེ་རྫོང་གི་སྨན་ཁང་གི་སྙན་ཞུའི་ནང་མི་85ཨ་རག་རྫུས་མ་བཏུང་ནས་འཆི་བ་དང་། ཁྱིམ་མཚེས་རྫོང་ཅའོ་ཧ་ཏེའི་གནོད་འཚེ་ཕོག་མཁན་སྨན་བཅོས་བྱེད་སའི་སྨན་ཁང་གི་སྙན་ཞུ་ལས་མི་71འཆི་བ་འཁོད་པ་དང་། ཀོ་ལ་ཁཱ་ཏེའི་རྫོང་ནང་གི་ཇ་ཁང་ཞིག་གི་ལས་མིས་ཚེས་21ཉིན་གྱི་དགོང་མོ་ཨ་རག་རྫུས་མ་འཐུང་བ་ལས་མི་ཤི་བའི་དོན་རྐྱེན་ཐོན་ཡོད་པ་རེད། མིག་སྔར་ད་དུང་མི་200ལྷག་ཙམ་སྨན་ཁང་གི་སྨན་བཅོས་དང་ལེན་བྱེད་བཞིན་ཡོད།

        ཨ་སཱ་མོ་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་སའོ་ནའོ་ཝ་ཡིས་ཨ་རག་རྫུས་མའི་དོན་རྐྱེན་ལ་བརྟག་དཔྱད་བྱ་དགོས་པའི་བཀའ་བཏང་པ་མ་ཟད། གནོད་འཚེ་ཕོག་མཁན་ལ་ཁ་གསབ་དངུལ་སྤྲོད་དགོས་པ་ཁྱབ་བསྒྲགས་བྱས། ཉེན་རྟོག་ཕྱོགས་ཀྱིས་གྱོད་གཞི་འདི་ཐོ་བཀོད་ཟིན་པ་མ་ཟད། ཨ་རག་དེའི་རིགས་ཀྱི་མ་དཔེ་བསྡུ་བསོག་བྱས་པས། ས་གནས་དེ་གའི་མི་གཉིས་ཁྲལ་དོན་དཔོན་རིགས་ཀྱི་ལས་གནས་ལས་ཕྱིར་ཕུད་བཏང་བ་དང་། ས་གནས་དེ་གའི་ཉེན་རྟོག་པས། མིག་སྔར་ཨ་རག་རྫུས་མ་བཟོས་མཁན་དོགས་ཡོད་ཉེས་ཅན་19འཛིན་བཟུང་བྱས་པ་དང་། དེའི་ཁྲོད་ཀྱི་དོགས་ཡོད་མི་སྣ་5འཆི་ཡོད་པ་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1