“ལོ་ཟླའི་གཏིང་རིམ། མི་ལྔའི་ཇི་བཞིན་སྣུམ་རིས་འགྲེམས་སྟོན་”པེ་ཅིང་དུ་གཉེར།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-28



             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་2ཚེས་24ཉིན། “ལོ་ཟླའི་གཏིང་རིམ། མི་ལྔའི་ཇི་བཞིན་སྣུམ་རིས་འགྲེམས་སྟོན་”པེ་ཅིནSKPརིག་ཚལ་གླིང་དུ་དངོས་སུ་སྤེལ་འགོ་ཚུགས། ཕེ་ཀྲོང་ཞིན་དང་ཝང་ཞའོ་ཀོང་། ཤིན་ཅཱ་ཧྥིན། ཞེ་ཡེ། ཡེ་ཨཱ་ཅོན་བཅས་སྒྱུ་རྩལ་པ་མི་ལྔའི་བརྩམས་ཆོས་50ལྷག་འགྲེམས་སྟོན་བྱས།
ཕེ་ཀྲོང་ཞིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
             ཕེ་ཀྲོང་ཞིན། 1956ལོར་སི་ཁྲོན་ཁྲེན་ཏུའུ་རུ་སྐྱེས། 1971ལོ་ནས་བཟུང་བོད་ལྗོངས་སུ་ལོ་20ཙམ་ལ་འཚོ་བ་རོལ། བོད་ལྗོངས་ཀྱི་སྤྱི་ཚོགས་རིག་གནས་དང་ས་ཁམས། ཆོས་ལུགས། སྒྱུ་རྩལ་བཅས་ལ་ཅུང་གཏིང་ཟབ་པའི་ཞིབ་འཇུག་དང་བརྩམས་ཆོས་ཡོད།
ཕེ་ཀྲོང་ཞིན་གྱི་སྣུམ་ཚོན་རི་མོ་《རྩྭ་ཐང་གི་སྐོར་བྲོ།》
             ཕེ་ཀྲོང་ཞིན་གྱིས་ངོ་སྤྲོད་གནང་དོན། ཐེངས་འདིའི་འགྲེམས་སྟོན་གྱིས་ཐེངས་དང་པོར་དུས་རབས་གོང་མའི་ལོ་རབས་80པ་ནས་ད་ལྟའི་བར་གྱི་བརྩམས་ཆོས་ཅུང་ཆ་ཚང་བའི་སྒོ་ནས་འགྲེམས་སྟོན་བྱས་ཡོད། དེའི་ཁྲོད་ཁོའི་བརྩམས་ཆོས་གྲགས་ཅན་《རྩྭ་ཐང་གི་སྐོར་བྲོ།》ཡོད། བརྩམས་ཆོས་དེ་ནི་1974-1975 ལོ་བར་ཁོང་གིས་བོད་ལྗོངས་ཆབ་མདོའི་འཇོ་མདའ་རྫོང་འབྲོག་ཁུལ་དུ་ལས་ཀ་བྱེད་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་ཡང་བསྐྱར་མངོན་ཡོད་པ་རེད། སྔོན་མ་རྒྱལ་ཁབ་བཙུགས་ནས་ལོ་60འཁོར་བའི་དུས་སྐབས་སུ་ཀྲུང་གོའི་མཛེས་རྩལ་ཁང་དུ་གཉེར་བའི་“ས་མཐོའི་རིགས་ལམ།”བོད་ཀྱི་བརྗོད་དོན་དམིགས་བསལ་འགྲེམས་སྟོན་ཆེ་གྲས་སུ་ཞུགས།
ཕེ་ཀྲོང་ཞིན་གྱི་བརྩམས་ཆོས་《ལྕི་བའི་གྱང་།》
             ཕེ་ཀྲོང་ཤིན་གྱིས་དེ་སྔ་བརྗོད་རྒྱུར། “ངའི་ངོས་ནས་བཤད་ན། བོད་ལྗོངས་ནི་གསར་རྩོམ་གྱི་རྒྱུ་ཆ་མ་རེད། དེ་ནི་རང་ཉིད་ཀྱི་ལང་ཚོའི་བརྒྱུད་རིམ་ཡོད་ཚད་དེ། མི་ཚེའི་ཐུན་མོང་མ་ཡིན་པའི་རིན་ཐང་དང་ཡིད་འཛིན་ཁོ་ན་རེད། དེ་ནི་བརྩེ་དུངས་དང་ངོས་ཟིན་ཞིག་ཡིན་པ་ལས། ཕྱིར་ལོག་ཐེངས་ཤིག་གམ་བསྐྱར་ཀློག་མ་ཡིན། མི་ཚེ་གང་བོར་དེའི་ཆེད་དུ་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཡོད་པས། ད་ལྟ་ང་ཉིན་རྒྱུན་དུ་བོད་ལྗོངས་སུ་སྡོད་མི་ཐུབ་མོད། ངས་སེམས་ནང་གི་བོད་དེ་ང་འཚོ་སའི་ས་གནས་སོ་སོར་བསྣམས་ཡོད། སྔོན་མའི་རྒྱལ་ཕམ་ཡོད་ཚད་གསོ་རླུང་གིས་མི་འདང་བའི་མཐོ་སྒང་འདི་ནས་ཡོང་ཞིང་། སླད་མར་ཁོ་ལ་གཏོད་དགོས་པ་ནི་ངའི་སྒྱུ་རྩལ་གྱི་མི་ཚེ་ཡོད་ཚད་ཡིན།
ཞེ་ཡེའི་བརྩམས་ཆོས་《མཛེས་པའི་སྐལ་བཟང་མེ་ཏོག》
             ཞེ་ཡེ་ནི་མི་རིགས་བརྗོད་དོན་གྱི་རི་མོར་ཅུང་དགའ། ཁོས་ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་རྒྱན་གོས་སྒྱུ་རྩལ་ཇི་ལྟར་ནུབ་ཕྱོགས་ཀྱི་སྣུམ་མཚོན་རི་མོའི་སྒྱུ་རྩལ་གྱི་རྣམ་པ་དང་འབྲེལ་བར་འཚོལ་ཞིབ་དང་ལག་ལེན་བྱེད་བཞིན་ཡོད། ཁོ་རང་རྒྱལ་ཡོངས་ས་གནས་ཁག་གི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དང་གྲོང་སྡེ་ཁག་ཏུ་བསྐྱོད། རིར་འགོས་ཆུར་བརྒལ་ནས་མི་སེམས་འགུལ་བ་དང་སྟོངས་ལ་ཉེ་བའི་དམངས་ཁྲོད་ཀྱི་རྒྱན་གོས་སྒྱུ་རྩལ་འཚོལ་བསྡུ་བྱས།
             ཞེ་ཡེས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་གི་བརྩམས་ཆོས་ནི་མི་སྣ་ཞིབ་འབྲིའི་སྣུམ་རིས་གཙོ་བོ་ཡིན། གྲངས་ཉུང་མི་རིགས་ཀྱི་རྒྱན་གོས་ཀྱི་རྒྱུ་ཆར་ཤིན་ཏུ་དོ་སྣང་བྱེད། རི་མོའི་ལྷིང་འཇགས་དང་ཞོད་འཇགས་ཀྱི་རྣམ་པས་མི་རིགས་ཀྱི་རྒྱན་གོས་སྒྱུ་རྩལ་མངོན་པར་བྱས་ཡོད། ཁོང་གིས་བརྗོད་རྒྱུར། རྗེས་མའི་གསར་རྩོམ་གྱི་གོ་རིམ་ནང་མི་རིགས་ས་ཁུལ་གྱི་འཚོ་བར་ཉམས་ཞིབ་གཏིང་ཟབ་བྱས་ཏེ། སྔར་བས་སྐྱེ་སྟོབས་ལྡན་པའི་བརྩམས་ཆོས་འགའ་བྲི་རྒྱུ་ཡིན།
འགྲེམས་སྟོན་གྱི་ཡུལ་དངོས།
             རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རི་མོའི་འགྲེམས་སྟོན་ཟླ་3ཚེས་10ཉིན་བར་གཉེར་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1