ཧན་ཀྲིན་གྱིས་ཡུན་ནན་གྱི་བྱ་བར་རྟོག་ཞིབ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 02-28



ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཡུན་ནན་ཏ་ལིས་དང་ཁུན་མིན་གྱི་མིག་སྔའི་དཔལ་འབྱོར་འཁོར་རྒྱུག་དང་ཁེ་ལས་ཐོན་སྐྱེད་བདག་གཉེར། སྐྱེ་ཁམས་ཁུར་ཡུག་སྲུང་སྐྱོབ་སོགས་བྱ་བར་རྟོག་ཞིབ་མཛད།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཡུན་ནན་ཏ་ལིས་དང་ཁུན་མིན་གྱི་མིག་སྔའི་དཔལ་འབྱོར་འཁོར་རྒྱུག་དང་ཁེ་ལས་ཐོན་སྐྱེད་བདག་གཉེར། སྐྱེ་ཁམས་ཁུར་ཡུག་སྲུང་སྐྱོབ་སོགས་བྱ་བར་རྟོག་ཞིབ་མཛད།
        ཧན་ཀྲིན་གྱིས་ཐོག་མར་ཏཱ་ལིས་པད་རིགས་རང་སྐྱོང་ཁུལ་གྱི་ཨེར་ཧའེ་མཚེའུ་ཡི་སྲུང་སྐྱོབ་བཅོས་སྐྱོང་གནས་ཚུལ་དང་ཏ་ལིས་གྲོང་ཁྱེར་གྱི་སྡེ་བ་དང་གྲོང་རྡལ་སྐོར་ཞིག་ལ་ཡུལ་དངོས་རྟོག་ཞིབ་མཛད་པ་དང་། དེའི་རྗེས་ཁུན་མིན་གྲོང་ཁྱེར་གྱི་པེ་ཐའེ་ཉི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་ཟི་དང་ཡུན་ནན་སྨན་རྫས་སྡེ་ཚོགས་གཉིས་སུ་ཕེབས་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་བྱེད་ཐངས་ལག་བསྟར་བྱེད་པ་དང་། ངལ་རྩོལ་ནུས་ཤུགས་ཀྱི་མ་རྩ། ཚོང་རའི་ཉོ་ཚོང་སོགས་གནས་ཚུལ། ཁེ་ལས་ཀྱི་ཐོན་སྐྱེད་གནས་ཚུལ་བཅས་ཀྱི་ཐད་ནས་རྒྱུས་ལོན་གསལ་བོ་མཛད།
        ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཡུན་ནན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཏན་ཏན་ཏིག་ཏིག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བཟང་བོ་བྱེད་པ། དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པ། ད་ལོའི་བྱ་བའི་འགོ་བཟང་བོ་ཞིག་རྩོམ་པ་དང་། དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་སྤྱི་ཡོངས་ནས་གཏན་འཇགས་ཡོང་བར་ཁག་ཐེག་བྱས་ཏེ། གྲུབ་འབྲས་བཟང་བོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1